མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པད་མས་ཡུལ་ཤུལ་གསར་བའི་དོ་དམ་ཚོང་གཉེར་དང་འཕེལ་རྒྱས་ཐད་ལ་ཡང་བསྐྱར་ཤུགས་སྣོན་པའི་བསམ་འཆར་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-09 11:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པད་མས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ཚན་ཆུང་བགོས་ནས་གྲོས་བསྡུར་བྱེད་སྐབས་བཤད་རྒྱུར། ཡུལ་ཤུལ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལ་རོགས་སྐྱོར་བྱེད་པའི་ཕྱོགས་སོ་སོས་ཡང་བསྐྱར་ཤུགས་བཏོན་ནས། ཡུལ་ཤུལ་ཁུལ་གྱི་ཁྱིམ་གཞི་གསར་བར་དོ་དམ་དང་འཁོར་སྐྱོད་ཚོང་གཉེར་བཟང་བོ་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བར་རོགས་བྱེད་རྒྱུའི་བསམ་འཆར་བཏོན།

 པད་མས་བཤད་རྒྱུར། དོན་དངོས་སུ་ལོ་གཉིས་ཀྱང་མ་འགོར་བའི་བཟོ་སྐྲུན་དུས་ཡུན་ནང་། ཡུལ་ཤུལ་ས་འགུལ་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཐད་ཀྱི་ཕྱོགས་ཡོངས་ཀྱི་ལས་འགན་གཙོ་བོ་ཡོངས་འགྲུབ་བྱས་ཏེ། ཡུལ་ཤུལ་གསར་བ་ཞིག་འཛུགས་སྐྲུན་བྱས་ན་ཡང་། རྗེས་ལུས་ཀྱི་དོ་དམ་འདུ་ཤེས་དང་དོ་དམ་ནུས་པ་དང་སྔོན་ཐོན་གྱི་རྨང་གཞིའི་ཆ་རྐྱེན་གཉིས་ཕན་ཚུན་ཆ་འགྲིག་མིན་པའི་་རྐྱེན་གྱིས། སྲིད་སྐྱོང་དང་དྲོད་འདོན། འབར་དབུགས། ཆུ་འདོན། ཁོར་ཡུག་གཙང་སྦྲ། བཙོག་ཆུ་ཐག་གཅོད། སྤྱི་བའི་འགྲིམ་འགྲུལ། སློབ་གསོ། འཕྲོད་བསྟེན་སོགས་ཀྱི་དོ་དམ་ཐད་ཀྱི་འགྲོ་གྲོན་ཧ་ཅང་ཆེ་བ་དང་དོ་དམ་ཐད་ལ་མཁས་པའི་མི་སྣ་ཧ་ཅང་དཀོན་པ་སོགས་ཀྱི་དཀའ་ཁག་གསར་བ་དང་གནད་དོན་གསར་བ་མང་པོ་ཞིག་ཀྱང་རིམ་བཞིན་འབྱུང་བཞིན་ཡོད་ཟེར།

 པད་མས་རོགས་སྐྱོར་སྒྲིག་གཞི་སྔར་ལས་འཐུས་ཚང་དུ་བཏང་ནས། ཡུལ་ཤུལ་གྱིས་རྨང་གཞིའི་སྒྲིག་ཆས་ཀྱི་ཆ་སྡེབས་ལས་གཞི་དང་སྤྱི་བའི་སྒྲིག་ཆས་འཁོར་སྐྱོད་ཚོང་གཉེར། གྲོང་ཁྱེར་དོ་དམ་སྒྲིག་གཞི་སོགས་འཐུས་ཚང་དུ་གཏོང་བའི་ཐད་བྱ་བ་མང་པོ་བསྒྲུབ་པ་དང། ཀྲུང་དབྱང་ནོར་སྲིད་ཀྱིས་སྤོ་བསྒྱུར་མ་དངུལ་གཏོང་བ་དང་རོགས་སྐྱོར་ལས་ཁུངས་ཀྱིས་ཁ་གསབ་འོས་འཚམ་བྱེད་པ་སོགས་ཀྱི་རྣམ་པ་མང་པོ་བརྒྱུད་ནས། ཡུལ་ཤུལ་གྲོང་ཁྱེར་གྱི་འཁོར་སྐྱོད་ཚོང་གཉེར་ཐད་མཁོ་བའི་མ་དངུལ་ཐག་གཅོད་བྱེད་པ་དང་། ཡུལ་ཤུལ་གྲོང་ཁྱེར་གྱི་དོ་དམ་མི་སྣའི་གསོ་སྦྱོང་ལ་ཤུགས་སྣོན་པ་བཅས་ཀྱི་བསམ་འཆར་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག