མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བྱང་ཁུལ་གྱི་ལས་བཟོ་བ་སྨན་བཅོས་འགན་སྲུང་ལ་ཞུགས་ཚད99%ཡན་ལ་སླེབས་པ།

  ཡོང་ཁུངས། མཚོ་བོད་སྐད་རླུང་འཕྲིན།  2014-03-08 10:54

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས4ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་གྲོས་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན།ན་ནིང་མཚོ་བྱང་ཁུལ་གྱིས་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་སྒྱུར་གྱི་བྱ་བ་སྔར་ལས་གཏིང་ཟབ་དུ་སྤེལ་ནས།འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བ།ཐབས་ཇུས་གསར་འདོན།དུས་ལྟར་རང་འགན་ཡོངས་འགྲུབ་བཅས་ལ་སྐུལ་འདེད་ཐོབ་པས།འབྲེལ་ཡོད་ལས་རིགས་སོ་སོར་གྲུབ་འབྲས་གཡུར་དུ་ཟ་བ་བླངས།

གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན།ན་ནིང་མཚོ་བྱང་ཁུལ་གྱི་རྨང་གཞིའི་སྨན་བཅོས་འགན་སྲུང་གི་ཁེབས་ཚད་སྔར་ལས་རྒྱ་ཆེར་སྐྱེད་ཐུབ་པ་བྱུང་ནས།ལས་བཟོ་བ་སྨན་བཅོས་འགན་སྲུང་ལ་ཞུགས་ཚད99%ཡན་ལ་སླེབས་ཡོད་ལ།མཁར་གྲོང་སྡོད་དམངས་སྨན་བཅོས་འགན་སྲུང་ལ་ཞུགས་ཚད་ཀྱིས་དམིགས་འབེན་མངོན་འགྱུར་བྱེད་ཚད་ཀྱི100.3%ཟིན།ཞིང་སྡེ་གསར་བའི་མཉམ་ལས་ཁང་དུ་ཞུགས་ཚད་བསྟུད་མུར་ལོ་དགུའི་ནང100%ལ་སླེབས་ཡོད།མཁར་གྲོང་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་གྲབས་གསོག་མ་དངུལ་དེ2008ལོ་ལས་སྒོར371ལྷག་འཕར་སྣོན་བྱུང་ཡོད་ལ།འཕར་སྣོན་བྱུང་ཚད325%ལ་སླེབས་ཡོད།ཕྱོགས་ཡོངས་ནས་ནད་གཞི་ཆེ་གྲས་ལ་སྨན་བཅོས་འགན་སྲུང་གི་བྱེད་ཐབས་སྤྱད་དེ།ནད་ལྕི་མོ་ཕོག་ཡོད་པའི་ནད་པ2165ཡི་འགན་སྲུང་མ་དངུལ་སྒོར1235ཙམ་སྲིད་གཞུང་གིས་བྱིན་པ་དང་།རྨང་གཞིའི་སྨན་གྱི་རིན་གོང་ཇེ་དམའ་རུ་འགྲོ་ཚད42%ཡན་ལ་སླེབས་ཡོད་པས།ནད་སྟོན་དཀའ་བའི་གནད་དོན་ལ་ཕན་འབྲས་ངེས་ཅན་ཐོབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག