མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་པ་སྐོར་ཞིག་ཁྲི་ཀ་རྫོང་དཀར་བརྗིད་ཤང་དུ་ཕེབས་ཏེ་སྨན་བཅོས་ཞུབས་ཞུ་བྱ་འགུལ་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-03-08 10:39

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། དོན་དངོས་དང་བསྟུན་པའི་སྒོ་ནས་ཞིང་སྡེ་དང་འབྲོག་ཁུག་མང་ཚོགས་ཀྱིས་ནད་ལྟ་དཀའ་བའི་གནད་དོན་ཐག་གཅོད་བྱེད་ཆེད། སྤྱི་ཟླ3པའི་ཚེས6ཉིན་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཕོ་རྒྱུ་ཚན་ཁག་དང་། ཀླད་སྙིང་ཚན་ཁག ལུས་ཁམས་གསོ་བཅོས་ཚན་ཁག་བཅས་ཀྱི་ཆེད་མཁས་པ་དང་སྨན་པ་སྐོར་ཞིག་གིས་གྲུབ་པའི་སྨན་བཅོས་རུ་ཁག་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དཀར་བརྗིད་ཤང་ཚྭ་ཆུ་ནང་སྡེ་བར་ཕེབས་ཏེ་རིན་མི་ལེན་པའི་སྒོ་ནས་སྨན་བཅོས་ཞུབས་ཞུ་བྱ་འགུལ་སྤེལ་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག