མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མིན་ཡོན་རྫོང་གིས་སློབ་གསོའི་མ་དངུལ་སྒོར་དུང་ཕྱུར6བཏང་ནས་སློབ་མ་ཁྲི2ལ་ཕན་ཁེ་བསྐྲུན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-03-07 10:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་གིས་མུ་མཐུད་དུ་སློབ་གསོ་བཅོས་བསྒྱུར་གཏིང་ཟབ་དུ་སྤེལ་ཏེ། སློབ་གསོའི་མ་དངུལ་ལོ་རེ་བཞིན་ཇེ་མང་དུ་བཏང་ནས་མུ་མཐུད་དུ་སློབ་གསོའི་རྨང་གཞི་སྒྲིག་ཆས་འཐུས་ཚང་དང་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་སུ་བཏང་ལ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར6བཏང་ནས་རྫོང་ཡོངས་ཀྱི་སློབ་མ་ཁྲི2ལྷག་ལ་ཕན་ཁེ་བསྐྲུན་པས། ཤང་གྲོང་གི་འོས་འགན་སློབ་གསོ་ཆ་སྙོམས་འཕེལ་རྒྱས་སུ་འགྲོ་བར་བརྟན་བརླིང་ངང་སྐུལ་འདེད་བཏང་ཞིང་། སློབ་གསོ་བྱ་བ་ལེགས་ཤིང་མགྱོགས་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱས།

ཉེ་བའི་ལོ་འགའི་རིང་། མིན་ཡོན་རྫོང་གིས་བསྡོམས་པས་གཙོ་གནད་སློབ་གསོའི་འཛུགས་སྐྲུན་ལས་གཞི27ལག་བསྟར་བྱས་ཤིང་། དེའི་ནང་སློབ་གྲྭའི་བདེ་འཇགས་བཟོ་འགོད་ལས་གཞི16དང་དམའ་འབྲིང་བཟོ་འགོད་ལས་གཞི2། སློབ་ཞུགས་སྔོན་གྱི་སློབ་གསོའི་ལས་གཞི5བཅས་དང་། ཚད་ལྡན་ཅན་འཛུགས་སྐྲུན་དང་འབྲེལ་བའི་ལས་གཞི3དང་། དགེ་རྒན་གྱི་འཁོར་སྤྱོད་མལ་ཁང་བཟོ་འགོད1བཅས་ཚུད་ཡོད། མ་དངུལ་སྒོར་ཁྲི564བཏང་བའི་བཅུད་ལྡན་ཟ་མའི་བཟོ་འགོད་ཀྱིས་རྫོང་ཡོངས་ཀྱི་བཅའ་སྡོད་སློབ་མ9400ལ་ཕན་ཁེ་བསྐྲུན་པ་དང་། ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་བཅུད་ལྡན་ཟ་མ་ལེགས་བཅོས་འཆར་འགོད་ཀྱིས་རྫོང་ཡོངས་ཀྱི་སློབ་མ་ཁྲི4.3ལ་ཕན་ཁེ་བསྐྲུན་ཡོད་ལ། སློབ་ཆེན་སློབ་མ3639ལ་ས་གནས་སློབ་མའི་སློབ་རོགས་དངུལ་བུན་སྒོར་ཁྲི2447.93བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག