མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྐོར་དང་པོའི་ཞིང་ཆེན་རིམ་པའི་ཁྱད་ལྡན་མཛེས་ལྗོངས་གནས་སྐོར་མིང་གྲགས་གྲོང་རྡལ་དང་སྡེ་བ་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-06 10:37

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིན་དང་ཞིང་ཆེན་གནས་སྐོར་ཅུའུ་ཡིས་གྲོང་རྡལ14དང་སྡེ་བ7དེ་སྐོར་དང་པོའི་ཞིང་ཆེན་རིམ་པའི་ཁྱད་ལྡན་མཛེས་ལྗོངས་གནས་སྐོར་མིང་གྲགས་གྲོང་རྡལ་དང་སྡེ་བར་གཏན་འཁེལ་བྱས་ལ། ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད་ཁྱབ་བསྒྲགས་བྱས།

    ཁྱད་ལྡན་མཛེས་ལྗོངས་གནས་སྐོར་མིང་གྲགས་གྲོང་རྡལ་དང་སྡེ་བའི་དཔེ་སྟོན་གསར་འཛུགས་སྤེལ་བ་ནི་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་རོང་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་ལས་གསོ་སྐྱོང་། རོང་འབྲོག་པའི་ཡོང་སྒོ་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བའི་བྱ་བ་གལ་ཆེན་ཞིག་ཡིན། མཚོ་སྔོན་གྱིས་ཁྱད་ལྡན་མཛེས་ལྗོངས་གནས་སྐོར་མིང་གྲགས་གྲོང་རྡལ་དང་སྡེ་བའི་འཆར་འགོད་དོ་དམ་བྱ་བར་དངོས་གནས་ཤུགས་སྣོན་པ་བརྒྱུད་ཁྱད་ལྡན་མཛེས་ལྗོངས་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས། མུ་མཐུད་དུ་གྲོང་རྡལ་དང་སྡེ་བའི་ཕྱོགས་བསྡུས་ཞབས་ཞུ་ནུས་པ་ཇེ་མཐོར་གཏོང་བ་དང་། ས་གནས་གནས་སྐོར་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་བཏང་ནས་འཚོ་སྡོད་ཁོར་ཡུག་ལེགས་བཅོས་དང་རོང་འབྲོག་པའི་ཡོང་སྒོ་གོང་དུ་སྤེལ་རྒྱུ་རེད།

    ཆོག་མཆན་ཐོབ་པའི་ཞིང་ཆེན་རིམ་པའི་ཁྱད་ལྡན་མཛེས་ལྗོངས་གནས་སྐོར་མིང་གྲགས་གྲོང་རྡལ་ནི་ཏ་ཐུང་ཧེ་རིགས་རང་སྐྱོང་རྫོང་གི་ཆའོ་ཐིག་གྲོང་རྡལ་དང་ཏུང་ཞ་གྲོང་རྡལ། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་འདན་མ་གྲོང་རྡལ་དང་རྒྱ་ཏིག་གྲོང་རྡལ། ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་ཅེ་ཙི་གྲོང་རྡལ། གུང་ཧི་རྫོང་གི་ཚ་རྔ་འགག་གྲོང་རྡལ། ཁྲི་ཀ་རྫོང་གི་ཧི་དབྱིན་གྲོང་རྡལ། ན་གོར་མོ་གྲོང་ཁྱེར་གྱི་ཀོ་ལེ་མུ་ཏེ་གྲོང་རྡལ། གཏེར་ལེན་ཁ་གྲོང་ཁྱེར་གྱི་ཁི་ལུའུ་ཁི་གྲོང་རྡལ། ཐུན་རིན་རྫོང་གི་རོང་བོ་གྲོང་རྡལ་སོགས་ཡིན། མིང་གྲགས་སྡེ་བ7ནི་སྟོང་སྐོར་རྫོང་གི་ཉི་ཟླ་བོད་རིགས་རང་སྐྱོང་ཤང་ཐུའུ་ཨར་ཀན་སྡེ་བ་དང་། ཏ་ཐུང་རྫོང་ཏུང་ཞ་གྲོང་རྡལ་ཁང་ལིག་སྡེ་བ། སྟོང་སྐོར་རྫོང་ཏུང་ཞ་ཤང་པོ་ཧང་སྡེ་བ། ཞོན་ཧྭ་རྫོང་ཅེ་ཙི་གྲོང་རྡལ་སན་ལན་པ་ཧེ་སྡེ་བ། གཅན་ཚ་རྫོང་ཁམས་ར་གྲོང་རྡལ་བྲག་ཁང་སྣ་ཁ་སྡེ་བ། པད་མ་རྫོང་སྡེ་མདའ་ཤང་པན་ཆེན་སྡེ་བ། ཁྲི་འདུ་རྫོང་ལབ་ཤང་ལྷ་སའི་ཐང་སྡེ་བ་བཅས་ཡིན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག