མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་བྱེད་ཐབས་བཏོན་ནས་ལོ་གསུམ་རིང་གནས་སྐོར་མཛེས་ལྗོངས་ཁུལ་མཐའ་བསྐོར་གྱི་ཁོར་ཡུག་ལེགས་བཅོས་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-06 10:37

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཞུང་ལམ34ཡི་ལམ་ཐིག་སྤྱི་ལེ3637དང་། Aགསུམ་རིམ་པ་ཡན་གྱི་གནས་སྐོར་མཛེས་ལྗོངས་ཁུལ66། འགྲིམ་འགྲུལ་ལམ་ཐིག་དང་གནས་སྐོར་མཛེས་ལྗོངས་མཐའ་བསྐོར་གྱི་སྡེ་བ287ལ2014ལོ་དང2015ལོ། 2016ལོ་བཅས་ལོ་གསུམ་རིང་སྐོར་བགོས་ནས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུ་ཡིན་པ་དང་། 2016ལོའི་ལོ་མཇུག་བར་དུ་ཁོར་ཡུག་གཙང་ཞིང་སྐྱེ་ཁམས་མཛེས་པ། སྒྲིག་ཆས་ཆ་ཚང་བ། དོ་དམ་གོ་རིམ་ལྡན་པའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་རེད།

    ཟླ3པ་ནས་ཟླ6པའི་བར་དུ། གཅིག་བསྡུའི་བརྟན་བརླིང་ཆེད་དམིགས་ལེགས་བཅོས་བྱ་འགུལ་སྤེལ་བ་བརྒྱུད། འགྲིམ་འགྲུལ་ལམ་རྒྱུད་དུ་གཙོ་བོ་གད་སྙིགས་གཙང་སེལ་དང་ཁྲིམས་འགལ་བཟོ་བཀོད་བཤིག་པ། ཡིག་བྱང་གསར་བརྗེ་བྱས་ཏེ། འགྲིམ་འགྲུལ་ལམ་རྒྱུད་ཀྱི་བཙོག་རྙོག་ཞན་གསུམ་གྱི་རྣམ་པར་ཕྱོགས་ཡོངས་ནས་ལེགས་བཅོས་དང་ཡིག་བྱང་གསར་བརྗེ། སྒྲིག་ཆས་ཚད་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་གནས་སྐོར་མཛེས་ལྗོངས་ཁུལ་དུ་གཙོ་བོ་མཛེས་ལྗོངས་ཁུལ་དུ་གད་སྙིགས་གང་སར་འདོར་བ་དང་སྒྲིག་ཆས་གང་སར་འཛུགས་པ། གང་འདོད་ཀྱིས་ཡིག་རིས་འབྲི་བ་སོགས་ཀྱི་རྣམ་པ་ལེགས་བཅོས་བྱས་ཏེ། མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་གཙང་ཞིང་དོ་དམ་ཚད་ལྡན་གོ་རིམ་ཅན་དུ་བསྒྱུར་བའི་དམིགས་འབེན་མངོན་འགྱུར་བྱེད་པ། མཐའ་བསྐོར་གྱི་གྲོང་རྡལ་དང་སྡེ་བར་གཙོ་བོ་གད་སྙིགས་གང་སར་གཏོར་བ་དང་བཙོག་ཆུ་གང་སར་འདོར་བ། དངོས་ཟོག་གང་སར་སྤུང་བ། བཟོ་བཀོད་གང་སར་འཛུགས་པ་སོགས་ཀྱི་རྣམ་པ་བཞི་ལེགས་བཅོས་བྱས་ནས་སྡེ་བའི་ཁོར་ཡུག་གཙང་ཞིང་མཛེས་བའི་དམིགས་འབེན་མངོན་འགྱུར་བྱེད་པ་བརྒྱུད། ད་ལོའི་གནས་སྐོར་རྫོགས་ལྡན་དུས་སྐབས་མ་སླེབས་ཡར་སྔོན་དུ་བཙོག་རྙོག་ཞན་གསུམ་གྱི་གནད་དོན་ལ་ཕྱོགས་ཡོངས་ནས་ལེགས་བཅོས་བྱེད་པར་ཁག་ཐེག་བྱེད་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག