མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

“མཚོ་སྔོན་མཐོ་སྒང་གི་ན་གཞོན་ཕུལ་བྱུང་ཅན”དང“མཚོ་སྔོན་གྱི་ལེ་ཧྥུན་ཕུལ་བྱུང་ན་གཞོན”གཟེངས་བསྟོད་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-04 10:49

2013ལོའི“མཚོ་སྔོན་མཐོ་སྒང་གི་ན་གཞོན་ཕུལ་བྱུང་ཅན”དང“མཚོ་སྔོན་གྱི་ལེ་ཧྥུན་ཕུལ་བྱུང་ན་གཞོན”གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕུལ་བྱུང་ན་གཞོན་ལ་གཟེངས་བསྟོད་དང་དཔེ་སྟོན་མི་སྣར་གཟེངས་བསྟོད་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀུན་སྤྱོད་དཔེ་སྟོན་དང་སློབ་སྦྱོང་དཔེ་སྟོན། དཔེ་སྟོན་བརྩོན་ལེན་གྱི་རྣམ་པ་གསར་འཛུགས་བྱེད་པ། མཚོ་སྔོན་གྱི་རྒྱ་ཆེའི་ན་གཞོན་བྱིས་པའི་དཔལ་ཡོན་རྣམ་པ་མངོན་པར་མཚོན་ནས་ཁོ་ཚོའི་སྔོན་ཐོན་བྱས་རྗེས་ཀྱིས་རྒྱ་ཆེའི་ན་གཞོན་བྱིས་པར་སྐུལ་ལྕག་གཏོང་བ་དང་། “ཀྲུང་གོའི་རེ་འདུན”མངོན་པར་མཚོན་ཆེད། ཟླ3པའི་ཚེས3ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གསོ་བཟོ་བའི་ཨུ་ཡོན་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན། མཚོ་སྔོན་ཞིང་ཆེན་ན་གཞོན་བཟོ་བའི་ལྷན་ཚོགས་བཅས་ཀྱིས་ཆུའུ་ཀའོ་ཞུན་སོགས་སློབ་གྲོགས10ལ“མཚོ་སྔོན་མཐོ་སྒང་གི་ན་གཞོན་ཕུལ་བྱུང་ཅན”གྱི་མཚན་སྙན་གནང་བ་དང་། ཧན་ཡུང་མིན་སོགས་སློབ་གྲོགས15ལ“མཚོ་སྔོན་གྱི་ལེ་ཧྥུན་སྙིང་སྟོབས་ལྡན་པའི་ཕུལ་བྱུང་ན་གཞོན་དཔེ་ལེགས་ཅན”གྱི་མཚན་སྙན་གནང་། མྰ་ཚོའེ་ཕིན་སོགས་སློབ་གྲོགས85ལ“མཚོ་སྔོན་གྱི་ལེ་ཧྥུན་ཕུལ་བྱུང་ན་གཞོན”གྱི་མཚན་སྙན་གནང་བ་མ་ཟད། ཟི་ལིང་གྲོང་ཁྱེར་གྱི་སློབ་འབྲིང་གསུམ་པར་གཟེངས་བསྟོད་ཚོགས་འདུ་བསྡུས།

    གཟེངས་བསྟོད་ཚོགས་འདུའི་སྟེང་། ཀྲུང་གོ་རྡོ་སྣུམ་སོལ་རླངས་ཟི་ལིང་ཡན་ལག་ཀུང་ཟིས་མཚོ་སྔོན་མཐོ་སྒང་གི་ན་གཞོན་ཕུལ་བྱུང་ཅན་གྱི་མཚན་སྙན་ཐོབ་པའི་དབང་བོ་སྐྱོན་ཅན་སློབ་མ་ཧོང་ཧའེ་ཁུང་ལ་སྒོར10000ཡི་བརྩེ་སེམས་ཞལ་འདེབས་ཕུལ་བ་དང་། གཙོ་བོ་ཁོའི་དམའ་འབྲིང་དང་མཐོ་འབྲིང་གི་དུས་རིམ་གྱི་སློབ་སྦྱོང་དང་འཚོ་བའི་མཁོ་རྫས་ཐད་ལ་རོགས་སྐྱོར་བྱེད་རྒྱུ་རེད། །

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧྲིན་ཧུང་ཞིན་གྱིས་གཟེངས་བསྟོད་ཐོབ་པའི་སློབ་མར་བྱ་དགའ་གནང་བཞིན་པ།

གཟེངས་བསྟོད་ཐོབ་པའི་སློབ་མ།

གཟེངས་བསྟོད་ཐོབ་པའི་སློབ་མ།

ཧོང་ཧའེ་ཁུང་ལ་སྒོར10000ཡི་རོགས་སྐྱོར་ཐོབ་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག