མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭས་ཉིས་སྟོང་བཅུ་བཞི་ལོའི་སློབ་མགོ་རྩོམ་པའི་མཛད་སྒོ་བསྡུས་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-04 10:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྲིད་འཛིན་སློབ་གླིང་། ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་བཅས་ཀྱིས་ཉིས་སྟོང་བཅུ་བཞི་ལོའི་སློབ་མགོ་གསར་བ་རྩོམ་པའི་མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་གི་སློབ་གྲྭའི་སློབ་གཙོ་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་ཝང་ལིན་ཅུན་གཉིས་ཚོགས་འདུར་ཞུགས། ཝང་ཅན་ཅུན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་དང་དམ་པོར་སྦྲེལ་ནས། རྩ་འཛུགས་དང་མང་ཚོགས། མི་སྒེར་བཅས་ཀྱི་འབྲེལ་བར་ངོས་འཛིན་ཡང་དག་བྱེད་དགོས་པའི་སྐོར་ནས་གཏམ་བཤད་གནང་།

ཝང་ཅན་ཅུན་གྱིས་ཏང་ཡོན་ལས་བྱེད་པས་རང་སྟེང་གི་བསམ་བློའི་བློ་སྦྱོང་ཇེ་མཐོར་བཏང་ནས། དད་མོས་ཡོད་ལ་དཀྱེལ་ཡངས་ལྡན་པ། རང་རྐྱ་ཐུབ་པའི་ལངས་ཕྱོགས་མངའ་བ། འགན་འཁྲི་ཕྲག་ཏུ་ལེན་ཕོད་པ། མང་ཚོགས་ཀྱི་འདོད་བློར་རྒྱུས་ལོན་བྱེད་པ་བཅས་ཀྱི་ཁྱད་ཆོས་འཛོམས་མཁན་ཞིག་ཏུ་འགྱུར་བར་བརྩོན་པ་བསྐྱེད་དགོས་ཞེས་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག