མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ལས་གཞི་ཉེར་གསུམ་རྒྱལ་ཁབ་ཀྱི་བོད་རིགས་དང་ཆཱང་རིགས། དབྱི་རིགས་བཅས་ཀྱི་རིག་གནས་ཐོན་ལས་ས་རྒྱུད་དུ་བཞག་པ།

རྩོམ་པ་པོ། དཔའ་བརྟན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-04 10:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས28ཉིན་རྒྱུས་ལོན་བྱུང་བ་ལྟར་ན་བོད་རིགས་དང་ཆཱང་རིགས། དབྱི་རིགས་བཅས་མི་རིགས་གསུམ་གྱི་རིག་གནས་ཐོན་ལས་ས་རྒྱུད་འཛུགས་སྐྲུན་ལས་གཞིར་མཚོ་སྔོན་དུ་ཁྱོན་བསྡོམས་རིག་གནས་ཐོན་ལས་ལས་གཞི་ཉེར་གསུམ་འཆར་འགོད་བྱས་ཤིང་། སྔོན་རྩིས་བྱས་པ་ལྟར་ན་ཁྱོན་བསྡོམས་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་དགུ་ལྷག་གཏོང་རྒྱུ་རེད། མཚོ་སྔོན་དང་སི་ཁྲོན། ཡུན་ནན། བོད་ལྗོངས། ཀན་སུའུ། ཧྲན་ཞི་བཅས་ཞིང་ལྗོངས་དྲུག་འདུས་པའི་བོད་ཆཱང་དབྱི་རིགས་རིག་གནས་ཐོན་ལས་ས་རྒྱུད་འཛུགས་སྐྲུན་ལས་གཞི་དེ་མིག་སྔར་ལག་བསྟར་བྱེད་བཞིན་ཡོད་ཅིང་། ལས་གཞི་འདི་ལ2012ལོ་ནས2015ལོའི་བར་གྱི་དུས་རིམ་དང་པོ་དང2016ལོ་ནས2020ལོའི་བར་གྱི་དུས་རིམ་གཉིས་པ་སྟེ་དུས་རིམ་གཉིས་སུ་བགོས་ཡོད།

བོད་ཆཱང་དབྱི་རིགས་རིག་གནས་ཐོན་ལས་ས་རྒྱུད་འཛུགས་སྐྲུན་ལས་གཞིའི་མཚོ་སྔོན་ཡུལ་ཁོངས་སུ་རྨ་ལྷོ་དང་། མཚོ་བྱང་། མཚོ་ལྷོ། མགོ་ལོག ཡུལ་ཤུལ་བཅས་བོད་རིགས་རང་སྐྱོང་ཁུལ5དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཁོངས་ཀྱི་རྫོང་དང་གྲོང་ཁྱེར་སུམ་ཅུ་དང་སྲིད་འཛིན་ཨུ་ཡོན་ལྷན་ཁང་གསུམ། དེ་མིན་མཚོ་ཤར་དང་ཟི་ལིང་བཅས་རྨང་གཞིའི་ཆ་རྐྱེན་ཅུང་ལེགས་པའི་བོད་རིགས་ཡུལ་ཚོ་ཁག་ཅིག་འདུས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག