མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གི་ནགས་སའི་རྒྱ་ཁྱོན་ལོ་རེ་བཞིན་ཇེ་ཆེར་འགྲོ་བཞིན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-03-03 15:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཤུགས་ཆེན་པོས“བྱང་གསུམ”འགོག་རགས་ནགས་ཚལ་དང་རང་བྱུང་ནགས་ཚལ་སྲུང་སྐྱོང་སོགས་ནགས་ལས་གཙོ་གནད་བཟོ་འགོད་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པས། རྫོང་ཡོངས་ཀྱི་ནགས་སའི་རྒྱ་ཁྱོན་ལོ་རེ་བཞིན་ཇེ་ཆེར་སོང་ཞིང་། བརླན་ས་རིམ་བཞིན་སླར་གསོ་བྱུང་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་བྱུང་ཡོད།

ཐུན་ཏེ་རྫོང་ནི་མཚོ་སྔོན་གྱི“རྨ་འབྲི་རྫ་གསུམ་འབྱུང་ཡུལ”རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་གནས་ས་ཁུལ་དུ་ཆགས་ཡོད་ལ། རྫོང་ཁོངས་སུ་རང་བྱུང་ནགས་ཁུལ་ཆེན་མོ་གསུམ་ཡོད་པ་མ་ཟད་རྨ་ཆུའི་ཆུ་ལག་མང་པོ་ཡོད་པས་སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་ཧ་ཅང་ལྕི། 2013ལོར། ཐུན་ཏེ་རྫོང་གིས་མ་དངུལ་སྒོར་ཁྲི4700བཏང་ནས་རྒྱལ་དབང་ནགས་རའི་དབུལ་སྐྱོར་དང་ནགས་ཚལ་གསོ་སྐྱོང་། བྱང་གསུམ་འགོག་རགས་ནགས་ཚལ་བཟོ་འགོད་སོགས་ནགས་ལས་ལས་གཞི18ལག་བསྟར་བྱས་ཏེ། རྫོང་ཁོངས་ཀྱི་རྨ་ཆུའི་བཞུར་རྒྱུད་ནགས་སར་ཕྱོགས་བསྡུས་བཅོས་སྐྱོང་བྱས། མིག་སྔར་འབའ་ཁུག་ཤང་དང་རྐ་འབའ་སུམ་མདོ་གྲོང་རྡལ། ཐང་སྐོར་གྲོང་རྡལ་བཅས་ཀྱི་བྱང་གསུམ་འགོག་རགས་ནགས་ཚལ་ལས་གཞི་དང་འབའ་ཁུག་ཤང་གི་སྤྱི་ཕན་ནགས་ཚལ་འཛུགས་པའི་ལས་གཞི། རྨ་བྱང་ཤང་གི་རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གཞི་བཅས་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཡོད།

དུས་མཚུངས་སུ་རྫོང་མཁར་དང་ཤང་གྲོང་ཁག་གི་སློབ་གྲྭ་དང་སྲང་ལམ། ཁྱིམ་ཚང་སོགས་ཀྱི་ས་སྟོང་ཁུལ་དུ་རིགས་སོ་སོའི་སྡོང་ཕྲུག་རྐང་ཁྲི2.6བཙུགས་པ་དང་། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་རྟེན་གཞི་རུ་གསབ་འཛུགས་བྱས་པ་མུའུ700དང་སྡོང་རྐང་ཁྲི10.5ལ་སླེབས་པ་མ་ཟད། སྡོང་ཕྲུག་གསོ་སྐྱོང་ས་ཁུལ་མུའུ160བསྐྲུན་ནས་སྡོང་ཕྲུག་རྐང་ཁྲི40གསོ་སྐྱོང་བྱས་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག