མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2014ལོའི་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-01 11:07

2014年省直机关党的工作会议召开.jpg

    2014ལོའི་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་བྱ་བའི་གྲོས་ཚོགས་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ཟི་ལིང་ནས་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་ཚོགས་འདུར་ཞུགས་ནས་གཏམ་བཤད།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་བྱ་བའི་གྲོས་ཚོགས་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ཟི་ལིང་ནས་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་ཚོགས་འདུར་ཞུགས་ནས་གཏམ་བཤད།

    ཚོགས་ཐོག་ནས་ཝང་ཅན་ཅོན་གྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་དགོས་པ་དང་། ལས་ཁུངས་སོ་སོའི་ཏང་རྩ་འཛུགས་དང་ཏང་ཨུ་ཡིས་ལས་ཁུངས་ཀྱི་ཏང་འཛུགས་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་དང་པོར་བཞག་སྟེ། ལས་ཁུངས་རང་རང་གི་དོན་དངོས་དང་འབྲེལ་ནས་ཏང་འཛུགས་བྱ་བའི་བསམ་ཕྱོགས་དང་རྣམ་པ། ཐབས་ལམ་བཅས་གསར་སྐྲུན་བྱེད་དགོས། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཅིག་གྱུར་མགོ་ཁྲིད་དང་འཆར་འགོད་མཛུབ་སྟོན། དོ་དམ་ལྟ་རྟོག མཐུན་སྦྱོར་ཞབས་ཕྱི་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ལས་ཁུངས་ཀྱི་ཏང་འཛུགས་བྱ་བ་སོ་སོ་དངོས་འབེབས་བཟང་བོ་བྱེད་དགོས་ཟེར།

    ཚོགས་ཐོག་ནས་ཉིས་སྟོང་བཅུ་གསུམ་ལོའི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་བྱ་བའི་ཕུལ་བྱུང་རྟོག་ཞིབ་གྲུབ་འབྲས་བྱ་དགའ་ཐོབ་པའི་ལས་ཁུངས་དང་མི་སྒེར། ཉིས་སྟོང་བཅུ་གསུམ་ལོའི་ཏང་འཛུགས་འབྲེལ་འདྲིས་ཚན་ཁག་གི་ཕུལ་བྱུང་ཚན་གཙོ་ལས་ཁུངས་དང་སྔོན་ཐོན་ཚན་ཁག་ཁོངས་མིའི་ལས་ཁུངས། དེ་མིན་ལས་ཁུངས་ཀྱི་ཆེད་འགན་འཁུར་བའི་ཏང་གི་ལས་དོན་བྱ་བའི་ལས་གནས་སུ་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་བཅས་ལ་མཚན་སྙན་དཔང་ཡིག་གནང་།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག