མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བོད་ཤིང་ཕོ་རྟ་ལོའི་ལོ་སར་བསུ་བའི་ཇ་སྟོན་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-01 11:07

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྣམ་རྒྱལ་མགྲོན་ཁང་ནས་བོད་ཤིང་ཕོ་རྟ་ལོའི་ལོ་སར་བསུ་བའི་ཇ་སྟོན་ཚོགས་འདུ་བསྡུས།

    རིན་ཆེན་རྒྱལ་དང་རྡོ་རྗེ་རབ་བརྟན། བསྟན་ཁོ། སྟག་འབུམ་ཐར། གཟིམ་ཁང་ཚང་། ངག་དབང་བསོད་ནམས་དང་བློ་མཐུན་རྒན་པ་གཡང་མོ་རྒྱལ་དང་སྐལ་བཟང་རྡོ་རྗེ། ཕུའུ་ཝུན་ཁྲིན་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོའི་བོད་རིགས་སྤུན་ཟླ་ཁ་ཤས་དང་ཞིང་ཆེན་ལ་གཏོགས་པའི་འབྲེལ་ཡོད་ཆེད་མཁས་པ། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ། ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་མགོ་ཁྲིད་པ་བཅས་དགའ་སྤྲོའི་ངང་མཉམ་དུ་འཛོམས་ནས་བོད་ཤིང་ཕོ་རྟ་ལོའི་ལོ་སར་ལ་རོལ།

    ཇ་སྟོན་ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་གྱི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱས།

    མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ལོས་ཀང་གིས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས།

    ལོས་ཀང་གིས་བཤད་རྒྱུར། ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་ཏུ། ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་ལེན་ཟབ་མོ་དང་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཏང་འཛུགས་སྐྲུན་བྱས་ཏེ། འབད་བརྩོན་གྱིས“ཁུལ་གསུམ”འཛུགས་སྐྲུན་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན། དམངས་འཚོ་ལེགས་བཅོས། མི་དམངས་བདེ་སྐྱིད་བཅས་ཀྱི་སྣང་ཚུལ་གསར་བ་ཞིག་བསྐྲུན། གྲུབ་འབྲས་དེ་དག་ནི་རྒྱ་ཆེའི་བོད་རིགས་སྤུན་ཟླ་དང་བཅས་པའི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་འབད་བརྩོན་བྱས་པའི་འབྲས་བུ་ཡིན་ཟེར།

    2014ལོ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་དངོས་འབེབས་བྱེད་པ་དང་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ལོ་གལ་ཆེན་ཞིག་ཡིན་ལ། “ཁུལ་གསུམ”འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བའི་ལོ་གལ་ཆེན་ཞིག་ཀྱང་ཡིན། དེ་བས་ང་ཚོས་བློ་བརྟན་འགྱུར་སྒོས་ཞིང་ཆེན་ཏང་ཨུའི་མཚོ་སྔོན་གྱི་སྲིད་དོན་སྐྱོང་བའི་འཐབ་ཇུས་གསར་བ་ལག་ལེན་དངོས་འབེབས་བྱས་ནས་་སྟོབས་ཤུགས་གཅིག་བསྡུ་དང་གསར་གཏོད་མདུན་སྐྱོད་ཀྱིས་བློ་རྩ་སྔར་ལས་བརྟན་པོས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ། བློ་རྩ་སྔར་ལས་བརྟན་པོས་གསར་སྤེལ་གསར་སྐྲུན་དང་མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་བྱེད་པ། བློ་རྩ་སྔར་ལས་བརྟན་པོས་ཁ་བྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་བཅས་བྱས་ནས་མཚོ་སྔོན་གྱི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་དར་རྒྱས་གོང་འཕེལ་དུ་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས། གནམ་ལོ་གསར་བའི་ནང་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་མཉམ་དུ་མི་མཐུད་དུ་མཐུན་སྒྲིལ་འབད་འཐབ་དང་ཡར་རྒྱས་བརྩོན་ལེན་གྱི་གོམས་སྲོལ་བཟང་བོ་དར་སྤེལ་བྱས་ཏེ་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་ཏུ་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ། གསར་གཏོད་གསར་སྐྲུན། བྱ་བ་ནན་སྒྲུབ་བཅས་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་མི་དམངས་ཀྱི་རེ་འདུན་གསར་བ་མངོན་འགྱུར་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི“ཕུགས་འདུན”མངོན་གྱུར་བྱེད་ཆེད་སྔར་ལས་ལྷག་པའི་བྱས་རྗེས་གསར་བ་འཇོག་ཐུབ་པའི་སྨོན་འདུན་ཞུས།

   ཇ་སྟོན་ཚོགས་འདུའི་སྟེང་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག