མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་སྡེ་ཁག་མང་པོས་མཉམ་འབྲེལ་བྱས་ཏེ་དཔྱིད་དུས་ཞིང་ལས་རྒྱུ་ཆ་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་འགུལ་སྤེལ་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-28 12:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2བའི་ཚེས27ཉིན། 2014ལོའི་རྒྱལ་ཡོངས་ཞིང་ལས་རྒྱུ་ཆ་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དམིགས་ལེགས་བཅོས་བྱ་འགུལ་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་ཡན་ལག་ཚོགས་ར་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་བཟོ་ཚོང་ཅུའུ། ཞིང་ཆེན་སྤུས་ཚད་ཞིབ་བཤེར་ལྟ་སྐུལ་ཅུའུ་སོགས་ལས་ཁུངས8ལ་མཉམ་འབྲེལ་བྱས་ཏེ2014ལོའི་ཞིང་ཆེན་ཡོངས་ཀྱི་དཔྱིད་དུས་ཞིང་ལས་རྒྱུ་ཆ་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དམིགས་བྱ་འགུལ་སྤེལ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། མིག་སྔར་མཚོ་སྔོན་གྱི་དཔྱིད་ཀའི་རྨོ་འདེབས་ཀྱི་དུས་སྐབས་སུ་སླེབས་ཡོད་པ་དང་། ཞིང་ལས་རྒྱུ་ཆའི་སྤུས་ཚད་དེ་རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་ཡོད་ལ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་ལྷག་པར་དུ་ཞིང་ཕྱུགས་ལས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་མིན་ལ་རག་ལས་ཡོད་པས། ཚོགས་འདུའི་སྟེང་བསྟན་དོན། ཞིང་ལས་རྒྱུ་ཆ་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དམིགས་བྱ་འགུལ་གྱི་འགན་འཁྲི་དང་ལས་འགན་ལྕི་བས། སྡེ་ཁག་སོ་སོས་ནན་ཏན་གྱིས་རྒྱལ་ཡོངས་ཞིང་ལས་རྒྱུ་ཆ་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དམིགས་བྱ་འགུལ་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། བསམ་བློའི་ངོས་འཛིན་ཇེ་མཐོར་གཏོང་བ་དང་སྡེ་ཁག་མཉམ་འབྲེལ་ལ་ཤུགས་བསྣན་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཞིང་ལས་རྒྱུ་ཆ་རྫུན་མར་རྡུང་རྡེག་གཏོང་བའི་བྱ་བ་ལེགས་པོར་སྒྲུབ་དགོས། དཔེར་མཚོན་རང་བཞིན་གྱི་དོན་རྐྱེན་གཙོ་གནད་དུ་བཟུང་སྟེ། ནན་ཏན་གྱིས་ཞིང་ལས་དང་ཞིང་བར་གནོད་པའི་ཁྲིམས་འགལ་ཉེས་ཅན་ལ་རྡུང་རྡེག་གཏོང་དགོས་པ་དང་། ཐོན་སྐྱེད་གོ་རིམ་ལ་ཞིབ་བཤེར་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་ནས་ས་བོན་དང་ལུད་རྫས། ཞིང་སྨན་བཅས་དོ་དམ་སྡེ་ཁག་གིས་ཞིང་ལས་རྒྱུ་ཆའི་ཐོན་སྐྱེད་སྡེ་ཁག་དང་ཕྱིར་འཚོང་ས་ཚིགས་ལ་ཞིབ་བཤེར་བྱེད་དགོས་ལ། ཞིང་ལས་རྒྱུ་ཆའི་ཚོང་རར་ཞིབ་བཤེར་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་ནས་ཚོང་རའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། རྩ་འཛུགས་དོ་དམ་ལ་ཤུགས་བསྣན་ནས་ཞིང་ལས་རྒྱུ་ཆ་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དམིགས་ལེགས་བཅོས་བྱ་འགུལ་དེ་ལག་ལེན་ཁྲོད་དངོས་འབེབས་བྱེད་དགོས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག