མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བྱང་ཁུལ་གྱིས་ཞིང་སྡེའི་སྡོད་ཁང་ཁྱིམ་ཚང4000བསྐྲུན་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་གནད་དོན་ཐག་གཅོད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-28 12:21

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་སྡེའི་སྡོད་ཁང4000བསྐྲུན་མགོ་བརྩམས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་གནད་དོན་ཐག་གཅོད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ད་ལོར་དཀའ་ངལ་མང་ཚོགས་ཀྱི་སྡོད་ཁང་གསར་སྒྱུར་བཅོས་སྲིད་ཇུས་དེ་གཙོ་བོ་ཞིང་ལས་ལས་དོན་རུ་ཁག་དང་། གནོད་སྐྱོན་ཐེབས་པ་དང་ནད་པའི་ཁྱིམ་ཚང་། ངལ་རྩོལ་ནུས་ཤུགས་མེད་པའམ་སྡོད་ཁང་མ་དངུལ་ཧྲག་བསྡུའི་ནུས་པ་མེད་པའི་དཀའ་ངལ་མང་ཚོགས་ལ་ཁ་ཕྱོགས་རྒྱུ་ཡིན་པ་དང་། དེར་བརྟེན་ནས་མཐོ་སྒང་གི་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་བྱེད་རྒྱུ་རེད། སྡེ་བའི་ནང་གི་དམངས་སྲིད་རོགས་སྐྱོར་བྱེད་ཡུལ་བཞི་དང་སྤྱིར་བཏང་མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་དེ་མཐོ་སྒང་མཛེས་སྡུག་ཤང་སྡེ་ལག་བསྟར་བྱེད་པའི་ཁྲོད་འཇོག་རྒྱུ་ཡིན་པ་དང་། དུས་མཚུངས་སུ་སྡོད་ཁང་འཛུགས་སྐྲུན་བྱེད་འདོད་ཡོད་པ་དང་ནུས་པ་ལྡན་པའི་མང་ཚོགས་ལ་བྱ་དགའི་ཁ་གསབ་སྟེར་རྒྱུ་རེད། མིག་སྔར་སྡོད་ཁང་དམིགས་ཚད་དག་སོ་སོར་བགོ་སྤྲོད་བྱས་ཡོད་པ་དང་རྫོང་སོ་སོས་སྡོད་ཁང་བསྒྱུར་བཅོས་བྱེད་ཡུལ་གཏན་འཁེལ་བྱས་ཏེ་ལག་བསྟར་འཆར་འགོད་བཟོ་བཞིན་པའི་སྒང་ཡིན།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག