མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ན་གོར་མོ་གྲོང་ཁྱེར་གྱིས་ད་ལོར་འཆར་འགོད་མ་དངུལ་སྒོར་དུང་ཕྱུར11བཏང་ནས་དམངས་ལ་དོན་དངོས་སྒྲུབ་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-27 11:02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གྱི་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་བཞི་བའི་སྟེང་རྒྱུས་ལོན་པ་ལྟར་ན། 2014ལོར། ན་གོར་མོ་གྲོང་ཁྱེར་གྱིས་འཆར་འགོད་མ་དངུལ་སྒོར་ཁྲི114606བཏང་ནས་དམངས་ལ་དོན་དངོས་སྒྲུབ་རྒྱུ་རེད།

ད་ལོར། ན་གོར་མོ་གྲོང་ཁྱེར་གྱིས་དམངས་ལ་དོན་དངོས་སྒྲུབ་པར་རིགས་ཆེན་མོ་བཅུའི་དོན་དངོས་ལས་གཞི60གཏན་འཁེལ་བྱས་ཏེ། སྤྱིའི་མ་དངུལ་སྒོར་ཁྲི114606གཏོང་རྒྱུ་རེད། དེའི་ནང་སྡོད་ཁང་ལེགས་བཅོས་ཕྱོགས་ལ་འཆར་འགོད་མ་དངུལ་སྒོར་ཁྲི63293གཏོང་རྒྱུ་ཡིན་པ་དང་། འགྲིམ་འགྲུལ་ཐད་ལ་འཆར་འགོད་མ་དངུལ་སྒོར་ཁྲི5115། གྲོང་ཁྱེར་སྲིད་འཛིན་སྒྲིག་ཆས་ཐད་ལ་འཆར་འགོད་མ་དངུལ་སྒོར་ཁྲི5638། འཚོ་སྡོད་ཁོར་ཡུག་ཐད་ལ་འཆར་འགོད་མ་དངུལ་སྒོར་ཁྲི4051། སློབ་གསོ་བཅོས་བསྒྱུར་ཐད་ལ་འཆར་འགོད་མ་དངུལ་སྒོར་ཁྲི10625། རིག་གནས་ལུས་རྩལ་ལ་འཆར་འགོད་མ་དངུལ་སྒོར་ཁྲི6763། སྤྱི་ཚོགས་རོགས་སྐྱོར་ཕྱོགས་ལ་འཆར་འགོད་མ་དངུལ་སྒོར་ཁྲི589། སྨན་བཅོས་འཕྲོད་བསྟེན་ཐད་ལ་འཆར་འགོད་མ་དངུལ་སྒོར་ཁྲི1541། རོང་འབྲོག་ཁུལ་ལ་འཆར་འགོད་མ་དངུལ་སྒོར་ཁྲི13458། “ཚོད་སླེ”བཟོ་འགོད་ལ་འཆར་འགོད་མ་དངུལ་སྒོར་ཁྲི3533བཅས་གཏོང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག