མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་གཞུང་ལམ་འགྲམ་རྒྱུད་དང་གནས་སྐོར་ཡུལ་ལྗོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-27 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འགྲམ་རྒྱུད་དང་། གནས་སྐོར་ཡུལ་ལྗོངས། ད་དུང་དེའི་མཐའ་འཁོར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཚོགས་འདུ་བསྡུས་ཏེ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་བཀོད་སྒྲིག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཚོགས་འདུའི་སྟེང་གཞུང་ལམ་འགྲམ་རྒྱུད་དང་གནས་སྐོར་ཡུལ་ལྗོངས། ད་དུང་དེའི་མཐའ་འཁོར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ནི། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་གྱི་སྔོན་སྐྱོད་ས་ཁུལ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་བཅོས་བྱེད་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་ལ་དམིགས་ནས་གྲོས་ཐག་བཅད་པའི་ཇུས་ཆོད་དང་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འདི་འགར། མཚོ་སྔོན་གྱི་མཁར་གྲོང་རྣམ་པར་ལེགས་བཅོས་མངོན་གསལ་བྱུང་བ་དོན་དངོས་ཡིན་ནའང་། གཞུང་ལམ་འགྲམ་རྒྱུད་དང་གནས་སྐོར་ཡུལ་ལྗོངས་གལ་ཆེན། གྲོང་ཁྱེར་དང་གྲོང་རྡལ་འདྲེས་མཚམས་ན་ཆགས་པའི་སྡེ་བ་བཅས་ཀྱི་ཁོར་ཡུག་ལ་ད་དུང་ལེགས་བཅོས་བྱེད་དགོས་པའི་གནད་དོན་མི་ཉུང་བ་ཞིག་ཡོད་པས། ས་གནས་དང་སྡེ་ཁག་སོ་སོས་བསམ་སྦྱོར་གཉི་ག་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། ལོ་གསུམ་གྱི་ནང་དུ་ཁོར་ཡུག་བཅོས་སྐྱོང་གི་གནད་དོན་གཙང་སེལ་བྱེད་རྒྱུར་འབད་འབུངས་ཧུར་བསྐྱེད་དགོས་ཞེས་བསྟན།

ཚོགས་འདུའི་སྟེང་དུ་རིམ་པ་སོ་སོའི་སྲིད་གཞུང་ནི་གཞུང་ལམ་འགྲམ་རྒྱུད་དང་གནས་སྐོར་ཡུལ་ལྗོངས། ད་དུང་དེའི་མཐའ་འཁོར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་གཙོ་ཤུགས་འདོན་མཁན་ཡིན་པས། སྲིད་གཞུང་གིས་སྣེ་ཁྲིད་པ་དང་མང་ཚོགས་མ་སྐུལ་དང་བླངས་ངང་ཞུགས་པ། གཙོ་གནད་འབུར་ཐོན་ཡོང་བར་འབད་པ། དགའ་རྟགས་བྱིན་ནས་བཅོས་སྐྱོང་བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་བའི་རྩ་དོན་གཞིར་བཟུང་ནས། ཁོར་ཡུག་གི་རྣམ་པ་ལེགས་བཅོས་བྱེད་པ་གཙོ་གནད་དུ་འཛིན་པ་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བཅོས་སྐྱོང་གི་བྱ་བ་དོན་འཁྱོལ་ཡོང་བར་བྱེད་པ། ཁོར་ཡུག་གི་གཙང་སྦྲ་དང་སྒྲིག་ཆས་གསར་འཛུགས་ལ་ཤུགས་སྣོན་པ་བཅས་འཐུས་ཤོར་མེད་པའི་ངང་བསྒྲུབ་སྟེ། བདེ་ཐང་དང་དག་གཙང་གི་ཁོར་ཡུག་ཅིག་ངང་གིས་གྲུབ་པར་འབད་བརྩོན་ཆེར་བསྐྱེད་བྱེད་དགོས་ཞེས་ནན་གྱིས་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག