མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ཤར་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར568བཏང་ནས་ལས་གཞི578ལག་བསྟར་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-27 10:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་ཧྲི་ཀྲང་ཀྲང་ཞའོ་རོང་གིས་མཚོ་ཤར་གྲོང་ཁྱེར་སྐབས་དང་པོའི་དམངས་ཆེན་གྲོས་ཚོགས་ཐེངས་གཉིས་པའི་སྟེང་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ་བའི་ནང་བསྟན་དོན། 2014ལོར་མཚོ་ཤར་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར568ཡན་བཏང་ནས་རིགས་སོ་སོའི་ལས་གཞི578ལག་བསྟར་བྱེད་རྒྱུ་ཡིན་ཟེར། མ་དངུལ་སྒོར་དུང་ཕྱུར568ནང་དམངས་སེམས་བཟོ་འགོད་དང་གྲོང་ཁྱེར་ལྟེ་གནས་ཁུལ་འཛུགས་སྐྲུན་བྱེད་པར་མ་དངུལ་གཏོང་ཤུགས་ཆེས་མང་སྟེ། དམངས་སེམས་བཟོ་འགོད་ལ་མ་དངུལ་སྒོར་དུང་ཕྱུར112.2དང་གྲོང་ཁྱེར་ལྟེ་གནས་ཁུལ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར100ཡན་གཏོང་རྒྱུ་རེད།

ཀྲང་ཞའོ་རོང་གིས་བཤད་རྒྱུར། ད་ལོར་རིགས་སོ་སོའི་འཆར་བཀོད་ལས་གཞི578ལག་བསྟར་བྱེད་རྒྱུ་དང་། མ་དངུལ་སྒོར་དུང་ཕྱུར568ཡན་ལེགས་འགྲུབ་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན། གཅིག་ནི་ཚད་མཐོན་པོས་གྲོང་ཁྱེར་ལྟེ་གནས་ཁུལ་ལ་མ་དངུལ་གཏོང་བར་ཤུགས་བསྣན་ཏེ་མ་དངུལ་སྒོར་དུང་ཕྱུར100ཡན་ལེགས་འགྲུབ་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན། ལི་ཏུའུ་དང་ཕིན་ཨན་གཉིས་ཀྱི་སྤྱི་ལེ་གྲུ་བཞི་མ15ཡོད་པའི་ཁུལ་གསར་དུ་ལོ་གཉིས་རིང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ལས་འགན་ཕལ་ཆེར་ལེགས་འགྲུབ་བྱེད་རྒྱུ་དང་། གཉིས་ནི་གཙོ་གནད་རྨང་གཞི་སྒྲིག་ཆས་ཐད་ལ་མ་དངུལ་གཏོང་བར་ཤུགས་བསྣན་ཏེ། གཞུང་ལམ་འགྲིམ་འགྲུལ་ཐད་མ་དངུལ་སྒོར་དུང་ཕྱུར38.4དང་ཆུ་བེད་ཐད་མ་དངུལ་སྒོར་དུང་ཕྱུར20.7། གློག་ཤུགས་བརྡ་འཕྲིན་ཐད་ལ་མ་དངུལ་སྒོར་དུང་ཕྱུར5.5བཅས་གཏོང་རྒྱུ། གསུམ་ནི་བཟོ་ལས་ར་བ་ཁུལ་ལ་མ་དངུལ་གཏོང་ཤུགས་ཚད་མཐོན་པོས་ཇེ་མང་དུ་བཏང་སྟེ། བཟོ་ལས་ར་བ་ཁུལ་ལ་མ་དངུལ་སྒོར་དུང་ཕྱུར150ཡན་ལེགས་འགྲུབ་བྱེད་པར་བརྩོན་ལེན་བྱེད་པ་དང་དེའི་ནང་རྨང་གཞི་སྒྲིག་ཆས་ལ་མ་དངུལ་སྒོར་དུང་ཕྱུར50དང་། ཐོན་ལས་ལས་གཞི་ལ་མ་དངུལ་སྒོར་དུང་ཕྱུར100བཏང་ནས་ལོ་གསུམ་རིང་ཐོག་མའི་རྣམ་པ་མངོན་པའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ། བཞི་ནི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་སྟེ། གཙོ་བོ་ས་ཁང་བདག་ཁོངས་ལ་མ་དངུལ་སྒོར་དུང་ཕྱུར70ཡན་དང་རིག་གནས་གནས་སྐོར་ལས་རིགས་ལ་མ་དངུལ་སྒོར་དུང་ཕྱུར14.8། ཚོང་ཟོང་འཁོར་རྒྱུག་ལས་རིགས་ལ་མ་དངུལ་སྒོར་དུང་ཕྱུར18.7བཅས་གཏོང་རྒྱུ། ལྔ་ནི་དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་བ་དང་། སློབ་གསོ་དང་སྨན་བཅོས། འཕྲོད་བསྟེན། དབུལ་སྐྱོར་སོགས་ཁྱབ་ཁོངས་ལ་མ་དངུལ་སྒོར་དུང་ཕྱུར112.2ལེགས་འགྲུབ་བྱེད་རྒྱུ་ཡིན་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག