མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར2.25བཏང་ནས་མཛེས་སྡུག་གི་ཤང་སྡེ21གསར་འཛུགས་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-26 11:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས“ས་ཁོངས་འཕེལ་རྒྱས་ཀྱིས་དབུལ་སྐྱོར་གསར་སྤེལ་ལ་སྐུལ་ཁྲིད་བྱེད་པ་དང་། དབུལ་སྐྱོར་གསར་སྤེལ་གྱིས་ས་ཁོངས་འཕེལ་རྒྱས་སུ་གཏོང་བའི”ཐབས་ཇུས་ལ་གཞིགས་ཏེ། “དཔེ་སྟོན་སྣེ་ཁྲིད་དང་ཁྱབ་རྒྱ་རྒྱ་བསྐྱེད། གཅིག་བསྡུས་བརྟན་བརླིང་། སྲ་བརྟན་གོང་སྤེལ”བཅས་དམིགས་འབེན་དུ་བཟུང་སྟེ་སྔར་ལས་ལེགས་པའི་བྱེད་ཐབས་དང་བྱ་སྤྱོད་ཀྱིས་ཤུགས་ཆེན་པོས་དབུལ་སྐྱོར་བརྟན་བརླིང་གི་བྱ་བ་ལེགས་པོར་བསྒྲུབས།

ཐུན་ཏེ་རྫོང་གིས་རིགས་སོ་སོའི་མ་དངུལ་སྒོར་དུང་ཕྱུར2.25ཧྲག་བསྡུ་བྱས་ཏེ། ཤུགས་ཆེན་པོས་ཆ་སྡེབ་བཅུ་ཚང་བའི་མཐོ་སྒང་གི་མཛེས་སྡུག་ཤང་སྡེ21གསར་འཛུགས་བྱས། མུ་མཐུད་དུ་དབུལ་གསར་སྤེལ་བྱེད་ཤུགས་ཇེ་ཆེར་བཏང་ནས་མ་དངུལ་སྒོར་དུང་ཕྱུར1.09བཏང་ནས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་དང་སྡེ་བ11ཡུལ་བབ་དང་བསྟུན་ནས་གནས་སྤོར་བའི་ལས་གཞི་ལག་བསྟར་བྱས་པ་མ་ཟད། ཧུར་བརྩོན་གྱིས་དབུལ་སྐྱོར་བུན་སྤྲོད་དངུལ་བུན་སྒོར་ཁྲི3843བརྩོན་ལེན་བྱས་ཏེ། རྒྱ་ཆེའི་དབུལ་ཕོངས་རོང་འབྲོག་དམངས་ལ་ཕན་ཁེ་བསྐྲུན།  །

  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག