མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་གྱི་ལས་བྱེད་པ་སྟོང་ལྷག་སྡེ་བ424རུ་ཕྱིན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-25 11:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་བྱེད་པ་སྟོང་ལྷག་སྐོང་འཐེན་བྱས་ཏེ་ཉེ་ལམ་སྔ་རྗེས་སུ་ཁུལ་ཡོངས་ཀྱི་རྫོང5ཡི་སྲིད་འཛིན་སྡེ་བ424དང་སྡོད་དམངས་ཨུ་ཡོན་ལྷན་ཚོགས27བཅས་ལ་ཕྱིན་ནས“དྲིལ་སྒྲོག་གཅིག་དང་སྐུལ་འདེད་གསུམ། བཅོས་སྐྱོང་ལྔའི”བྱ་འགུལ་སྤེལ།

མཚོ་ལྷོ་ཁུལ་གྱི་ལས་བྱེད་པ་སྟོང་ལྷག་གཞི་རིམ་དུ་བསྐྱོད་པ་ནི་གཙོ་བོ་རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ལ་ཏང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་དང་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་གསུམ་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དྲིལ་སྒྲོག་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོ་དང་། ཞིང་བར་གཟིགས་སྐྱོང་དང་ཞིང་ལས་དར་སྤེལ་གྱི་སྲིད་ཇུས་སྐོར་ཞིག་དྲིལ་སྒྲོག་བྱེད་རྒྱུ་ཡིན་པ་མ་ཟད། ཧུར་བརྩོན་གྱིས་“དྲིལ་སྒྲོག་གཅིག་དང་སྐུལ་འདེད་གསུམ། བཅོས་སྐྱོང་ལྔའི”བྱ་འགུལ་སྤེལ་རྒྱུ་ཡིན་པ་སྟེ། སྲིད་ཇུས་དྲིལ་སྒྲོག་དང་། བཅསོ་བསྒྱུར་དང་ཐོན་སྐྱེད། འཆམ་མཐུན་ལ་སྐུལ་འདེད་གཏོང་བ། ཁུལ་ཡོངས་ཀྱི་སྡེ་བ་འཚོ་སྡོད་ཁུལ་གྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་བྱ་སྤྱོད་ལ་ལེགས་བཅོས་བྱེད་པ་དང་། “འཆལ་རྒྱན་དུག་གསུམ”དང་ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་གཏོང་བའི་ཆེད་དམིགས་བྱ་འགུལ་སྤེལ་བ་དང་། ཤང་གྲོང་གི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ཆེད་དམིགས་བྱ་འགུལ་སྤེལ་བ། བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་ལ་ཤུགས་སྣོན་པ་དང་ཁྲིམས་བརྩི་ཆོས་བཀུར་གྱི་ཆེད་དམིགས་བྱ་འགུལ་སྤེལ་བ། གཅིག་བསྡུས་སྒོས་གཙོ་གནད་འགལ་ཟླ་རྩོད་གཞི་དང་འབུར་ཐོན་ཞུ་གཏུག་དོན་རྐྱེན་ཐག་གཅོད་པའི་ཆེད་དམིགས་བྱ་འགུལ་བཅས་སྤེལ་རྒྱུ་རེད།

ཐེངས་འདིའི་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་གྱིས་མཉམ་འབྲེལ་སྡེ་བ་རེ་ལ་ལས་བྱེད་པ2རེ་མངགས་ཡོད་པ་དང་། གྲངས་ཉུང་མི་རིགས་སྡེ་བ་རེར་གྲངས་ཉུང་མི་རིགས་ཀྱི་སྐད་ཆ་གོ་བའི་ལས་བྱེད་པ་རེ་མངགས་ཡོད་ལ། ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་བ་དང་སྡོད་དམངས་ཨུ་ཡོན་ལྷན་ཚོགས་ཚང་མར་ལས་བྱེད་པ་མངགས་ཏེ། “དྲིལ་སྒྲོག་གཅིག་དང་སྐུལ་འདེད་གསུམ། བཅོས་སྐྱོང་ལྔའི”བྱ་འགུལ་སྤེལ་རྒྱུ་ཡིན་ལ། བྱ་འགུལ་སྐབས་སུ་ཏང་གི་སྲིད་ཇུས་བཟང་བོ་མང་ཚོགས་ལ་དྲིལ་སྒྲོག་བྱས་ནས། ཧུར་བརྩོན་གྱིས་མང་ཚོགས་ལ་དོན་བཟང་དང་དོན་དངོས་བསྒྲུབས་ཏེ་དཀའ་ངལ་སེལ་རྒྱུ་རེད། །

 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག