མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་གཙང་གསུམ་འབྱུང་ཡུལ་རོང་འབྲོག་ས་ཁུལ་གྱི་གཙང་སྦྲའི་བཟོ་སྐྲུན་བཀོད་སྒྲིག་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-25 11:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་གཙང་གསུམ་འབྱུང་ཡུལ་རོང་འབྲོག་ས་ཁུལ་ལ་སྤེལ་གྱིན་པའི་གཙང་སྦྲའི་བཟོ་སྐྲུན་བཀོད་སྒྲིག་ཚོགས་འདུ་བསྡུས་ཤིང་། གཙང་གསུམ་འབྱུང་ཡུལ་རོང་འབྲོག་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱ་བར་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། ཁོར་ཡུག་གཙང་བཅོས་བྱ་བར་སྤྱིའི་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་གྱིས་ཚོགས་ཐོག་ནས་གཏམ་བཤད་སྤེལ།

ཚོགས་འདུའི་སྟེང་དུ་བསྟན་དོན། མིག་སྔར་སྤྱིའི་ཆ་ནས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་ཇེ་ལེགས་སུ་འགྲོ་བཞིན་ཡོད་ནའང་། སྐྱེ་ཁམས་གནས་སྤོར་དང་འབྲོག་དམངས་གཏན་སྡོད་ཀྱི་བཟོ་སྐྲུན་ལག་བསྟར་དངོས་འབེབས་བྱས་པ་ནས་བཟུང་། གད་སྙིགས་དང་འགྱིག་ཤོག་མང་པོ་གང་སར་གཏོར་ནས་ཁོར་ཡུག་འབག་བཙོག་བྱེད་ཚད་ཉིན་རེར་ཇེ་ཆེར་འགྲོ་བཞིན་ཡོད། དེ་བས་གནད་དོན་དེར་ཁ་གཏད་འཇལ་ཆེད། ཞིང་ཆེན་སྲིད་གཞུང་གིས་གཙང་གསུམ་འབྱུང་ཡུལ་རོང་འབྲོག་ས་ཁུལ་ལ་གཙང་སྦྲའི་བཟོ་སྐྲུན་ཆེན་པོ་ཞིག་སྤེལ་ཏེ། ཡུལ་ཤུལ་དང་མགོ་ལོག མཚོ་ལྷོ། རྨ་ལྷོ་བཅས་རང་སྐྱོང་ཁུལ་བཞིའི་རྫོང་ཁག་ཉེར་གཅིག་དང་ན་གོར་མོ་གྲོང་ཁྱེར་གྱི་གདང་ལ་གྲོང་བརྡལ་བཅས་ནས། ཁྱོན་བསྡོམས་ཞང་དང་གྲོང་རྡལ་ང་བརྒྱད་ཀྱི་སྡེ་བ་ཆིག་སྟོང་བརྒྱ་ལྷག་གི་འབྲོག་དམངས་གཏན་སྡོད་ས་གནས་ཉིས་བརྒྱ་སུམ་ཅུ་ལྷག་གི་སྡེ་གྲོང་དང་རྩྭ་ས། ཆུ་མགོ་བཅས་ལ་གཙང་སྦྲ་བྱེད་པའི་བཟོ་སྐྲུན་ཟམ་མ་ཆད་པར་སྤེལ་བ་བརྒྱུད། ཞིང་ཕྱུགས་ལས་རིགས་ཀྱི་ཐོན་སྐྱེད་རྣམ་པ་དང་འཚོ་བའི་རྣམ་པ། རོང་འབྲོག་ས་ཁུལ་གྱི་སྤྱི་ཚོགས་དོ་དམ་དང་ཞབས་ཞུའི་རྣམ་པ་བཅས་ལ་འཕོ་འགྱུར་མངོན་གསལ་བྱུང་།

ཚོགས་འདུའི་སྟེང་ས་གནས་དང་ལས་ཁུངས་ཚང་མས་ཁོར་ཡུག་གཙང་སྦྲའི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱས་ནས། དམིགས་འབེན་གཙོ་བོ་འཐུས་ཤོར་མེད་པའི་ངང་བསྒྲུབ་རྒྱུ་དང་། གཙང་གསུམ་འབྱུང་ཡུལ་རོང་འབྲོག་ས་ཁུལ་ལ་སྤེལ་གྱིན་པའི་གཙང་སྦྲའི་བཟོ་སྐྲུན་གྱི་ཤུགས་རྐྱེན་ཇེ་ཆེར་འགྲོ་བར་འབད་འཐབ་གང་ལེགས་བྱ་དགོས། དེ་མིན་ད་དུང་གད་སྙིགས་གཙང་སེལ་བྱས་ནས་རོང་འབྲོག་སྡེ་གསར་བའི་དག་གཙང་གི་རྣམ་པ་མངོན་འགྱུར་བྱ་དགོས་ལ། རོང་འབྲོག་ས་གནས་སོ་སོར་སྤྱོད་ཁང་གསར་འཛུགས་དང་འདུས་སྡོད་ས་ཁུལ་གྱི་འཐུང་ཆུའི་མགོ་ཁུངས་ལ་སྲུང་སྐྱོབ་བྱེད་པ། འཚོ་བར་སྤྱོད་ཀྱིན་པའི་བཙོག་ཆུའི་གནད་དོན་ཐག་གཅོད་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག