མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་རིམ་པ་སོ་སོའི་རོང་འབྲོག་པའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱིས་ཡོང་སྒོ་འཕར་བར་མངོན་གསལ་གྱིས་ཕན་ནུས་ཐོན་ཡོད་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-25 11:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རོང་འབྲོག་པའི་དགོས་མཁོར་དམིགས་ཏེ། ས་གནས་ཐོན་ཁུངས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱིས་རིམ་པ་སོ་སོའི་མཁོ་སྤྲོད་གཞུང་སྒྲུབ་ཁང་དང་མཉམ་ལས་གཞུང་སྒྲུབ་ཁང་སོགས་རྣམ་པ་མང་བའི་རོང་འབྲོག་པའི་དཔེ་སྟོན་ཆེད་ལས་མཉམ་ལས་ཁང་དང་སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འཕེལ་རྒྱས་སུ་བཏང་། མིག་སྔར་བསྡོམས་པས་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང920ཡོད་པ་དང་སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས740བཅས་ཡོད་ལ། ཆེད་ལས་མཉམ་ལས་ཁང་དེ་དག་འདེབས་འཛུགས་དང་གསོ་སྤེལ། ལས་སྣོན། ཞིང་ལས་འཕྲུལ་ཆས་ཞབས་ཞུ་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད། མཉམ་ལས་ཁང་དུ་ཞུགས་པའི་རོང་འབྲོག་པ་མི་ཁྲི38ལྷག་ཡོད་ལ། དེས་རོང་འབྲོག་པར་ཡོང་སྒོ་སྒོར་དུང་ཕྱུར2.8བསྐྲུན་ཡོད།

2013ལོར་ཞིང་ཆེན་ནོར་སྲིད་མ་དངུལ་གྱི་རོགས་སྐྱོར་འོག མཚོ་སྔོན་གྱི་རིམ་པ་སོ་སོའི་མཁོ་སྤྲོད་ཁང་གིས་དཔེ་སྟོན་ཆེད་ལས་མཉམ་ལས་ཁང50འཕེལ་རྒྱས་སུ་བཏང་ལ། ལོ་ཧྲིལ་བོར་ཐོན་སྐྱེད་བདག་གཉེར་གཞི་ཁྱོན་དེ་མ་དངུལ་སྒོར་ཁྲི2000ཡན་ལ་སླེབས་པའི་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང320ཡོད། མིག་སྔར་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང220ཡིས་ཚོང་ར་ཆེ་འབྲིང50དང་རིགས་སོ་སོའི་སློབ་གྲྭ21ལ་ཐོན་རྫས་མཁོ་སྤྲོད་འབྲེལ་མཐུད་བྱས་ཡོད།

ཞིང་བའི་ཆེད་ལས་མཉམ་ལས་ཁང་གི་བྱེད་ནུས་ལ་རིམ་བཞིན་སྤྱི་ཚོགས་ཀྱི་ངོས་ལེན་བྱས་ཡོད་པ་དང་། 2013ལོར་མཚོ་སྔོན་གྱི་ཞིང་བའི་ཆེད་ལས་མཉམ་ལས་ཁང5ལ་རྒྱལ་ཡོངས་ཀྱི་མཁོ་སྤྲོད་སྤྱི་ཁྱབ་ཁང་གི་དཔེ་སྟོན་ཆེད་ལས་མཉམ་ལས་ཁང་གི་མཚན་སྙན་ཐོབ་པ་དང་། ཞིང་བའི་ཆེད་ལས་མཉམ་ལས་ཁང6ལ་ཞིང་ལས་པུའུ་ཡིས་དཔེ་སྟོན་ཆེད་ལས་མཉམ་ལས་ཁང་གི་མཚན་སྙན་གནང་། ཞིང་ཆེན་མཁོ་སྤྲོད་མཉམ་འབྲེལ་ཁང་གིས་ཞིང་ཆེན་ཞིང་ཕྱུགས་ཐིན་དང་ནོར་སྲིད་ཐིན། ཆུ་བེད་ཐིན་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། ཞིང་ཆེན་རིམ་པའི་རོང་འབྲོག་པའི་དཔེ་སྟོན་ཆེད་ལས་མཉམ་ལས་ཁང96དཔྱད་འདེམས་བྱས་པའི་ཁྲོད། མཁོ་སྤྲོད་ཁང་གི་ཆེད་ལས་མཉམ་ལས་ཁང35དེའི་ནང་དུ་ཚུད་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག