མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ནུབ་ཁུལ་གྱིས་ཐེངས་གསུམ་པའི་པར་ལེན་མཐུན་ཚོགས་ཀྱི་འཐུས་ཚབ་ཚོགས་འདུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-02-25 11:27

021.jpg

མཚོ་ནུབ་ཁུལ་གྱིས་ཐེངས་གསུམ་པའི་པར་ལེན་མཐུན་ཚོགས་ཀྱི་འཐུས་ཚབ་ཚོགས་འདུ་བསྡུས་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཐེངས་གསུམ་པའི་འཐུས་ཚབ་ཚོགས་འདུ་མཚོ་ནུབ་ཁུལ་གྱི་ཚྭ་འདམ་ཉིན་རེའི་ཚགས་པར་ཁང་དུ་ཚོགས་ཤིང་། ཐེངས་འདིའི་ཚོགས་འདུ་ལ་མཚོ་ནུབ་ཀྱི་ས་ཁུལ་སོ་སོའི་པར་ལེན་འཐུས་ཚབ་པ་དག་ཞུགས་ཡོད་པར་མ་ཟད། ཆེད་དུ་མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་དང་། ས་གནས་གཞན་གྱི་པར་ལེན་སྒྱུ་རྩལ་པ་སྐོར་ཞིག་ཀྱང་གདན་ཞུ་བྱས་ཡོད།

    ཚོགས་འདུའི་སྟེང་།2013ལོའི་པར་ལེན་གྱི་གྲུབ་འབྲས་གཟེངས་སུ་ཐོན་པའི་མི་སྣ་སྐོར་ཞིག་ལ་བྱ་དགའི་ལེགས་སྐྱེས་ཕུལ་ཞིང་། གདན་ཞུ་བྱས་པའི་པར་ལེན་པ་རྒན་པ་རེ་གཉིས་ཀྱིས་སྔ་དྲོའི་ཆུ་ཚོད་གཉིས་ཀྱི་དུས་ཚོད་བེད་སྤྱད་ནས་རང་གི་ཉམས་མྱོང་དང་སྦྲེལ་ཏེ་པར་ལེན་སྒྱུ་རྩལ་གྱི་ཕྱོགས་ནས་འཆད་ཁྲིད་གནང་།

    ཉིན་དེའི་ཕྱི་དྲོ་པར་ལེན་སྒྱུ་རྩལ་པ་དག་གཏེར་ལེན་ཁ་དང་བར་ཐག་སྤྱི་ལེ་ལྔ་བཅུ་ཡོད་པའི་མཚོ་ཏཱ་ལེན་སོགས་ལྗོངས་རྒྱུའི་གནས་སྐོར་དག་ཏུ་ཕྱིན་ནས་བརྙན་པར་གྱི་རྒྱུ་ཆ་མང་པོ་ཞིག་འཚོལ་སྡུད་བྱས་ལ། པར་ལེན་སྒྱུ་རྩལ་གྱི་མཐུན་ཚོགས་འདི་བརྒྱུད་ནས། མཚོ་ནུབ་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཏེ་གཙོད་སོགས་ས་ཆ་གཞན་དུ་མཐོང་དཀོན་པའི་རི་སྐྱེས་མང་པོ་ཞིག་དང་གནས་འདིའི་ཐུན་མོང་མ་ཡིན་པའི་མཛེས་སྡུག་གི་ཆ་མང་པོ་ཞིག་བརྙན་པར་གྱི་ལམ་ནས་རྒྱ་ཆེའི་བལྟ་མཁན་དག་གི་སྤྱན་ལམ་དུ་འབུལ་རྒྱུ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག