མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2014ལོའི་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་བྱ་བའི་གྲོས་ཚོགས་བསྡུས་པ་དང་མཱ་ཧྲོན་ཆིན་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-24 10:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་བྱ་བའི་གྲོས་ཚོགས་ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མཱ་ཧྲོན་ཆིན་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ནས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་སློབ་གསོའི་ཁྱབ་ཁོངས་སུ་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། བཅོས་སྒྱུར་གྱི་ཁ་ཕྱོགས་གསལ་བོར་བསྟན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཧ་ཅང་མཐོང་ཆེན་དང་ཡང་དག་པའི་མགོ་ཁྲིད་འོག་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་འབད་བརྩོན་འོག མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཁེ་ཕན་སྔར་ལས་ཆེན་པོ་ཐོབ་ཏུ་བཅུག་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱིས་སྣེ་ཁྲིད་ནས་བསམ་བློ་བཅིངས་འགྲོལ་དང་ཡར་རྒྱས་གསར་གཏོད་བྱས་ཏེ་ཕྱོགས་ཡོངས་ནས་སློབ་གསོའི་ལས་དོན་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་དགོས་པ་སྟེ། གཅིག་ནས་སློབ་གསོ་དྲང་བདེན་སྒོས་སྤེལ་པ་དང“ཕལ་ཆེར”གཉིས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གཞི་རྒྱ་ཆེ་བའི་སྒོ་ནས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གསོ་སྦྱོང་བྱེད་པ། མགྱོགས་མྱུར་ངང་སློབ་གྲྭ་འབྲིང་ཆུང་གི་ཚད་ལྡན་ཅན་གྱི་ཆ་འཕྲིན་འཛུགས་སྐྲུན་བྱེད་པ། སློབ་གསོར་ཁ་གཏད་རོགས་སྐྱོར་བྱེད་ཚད་རྒྱ་བསྐྱེད་པ། ཁྱད་པར་ཅན་གྱི་སློབ་གསོ་ཇེ་རྒྱས་སུ་གཏོང་བའི་འཆར་གཞི་ལག་བསྟར་བཅས་བྱེད་དགོས། གཉིས་ནས་སློབ་སྔོན་སློབ་གསོ་འཕེལ་རྒྱས་སུ་བཏང་སྟེ། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་མཇུག་རྫོགས་སྐབས། སློབ་གྲྭར་མ་སོང་སྔོན་གྱི་ལོ་གཅིག་གི་ནང་སློབ་སྔོན་སློབ་གྲྭར་བརྒྱ་ཆའི་བརྒྱ་ཞུགས་པ་མངོན་འགྱུར་བྱེད་པ་དང་། སློབ་གྲྭར་མ་སོང་སྔོན་གྱི་ལོ་གསུམ་གྱི་ནང་དུ་སློབ་སྔོན་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི་བརྒྱད་ཅུ་མངོན་འགྱུར་བྱེད་དགོས། གསུམ་ནས་མཐོ་རིམ་སློབ་གསོར་བཅོས་སྒྱུར་བྱེད་དགོས། བཞི་ནས་ལས་རིགས་སློབ་གསོའི་རྒྱ་ཇེ་ཆེར་གཏོང་དགོས། ལྔ་ནས་སྤུས་ཚད་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག