མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་མཚོ་སྔོན་གྱིས་མ་དངུལ་སྒོར་དུང་ཕྱུར2.6བཏང་ནས་རྣམ་པ་སོ་སོའི་རྒན་གསོ་ཞབས་ཞུ་སྒྲིག་ཆས372གསར་འཛུགས་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-24 10:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ2བའི་ཚེས19ཉིན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར2.6བཏང་ནས་རྣམ་པ་སོ་སོའི་རྒན་གསོ་ཞབས་ཞུ་སྒྲིག་ཆས372གསར་འཛུགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལོ་ལོན་སྟོང་རེ་ལ་རྒན་གསོའི་མལ་ཁྲི22ལ་སླེབས་རྒྱུ་རེད།

གཙོ་བོ་རྒན་གསོའི་ཞབས་ཞུ་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་རྨང་གཞིའི་སྟེང་། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་ཕན་བདེ་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་རྒྱུ་ཡིན་པ་སྟེ། ཕྱོགས་ཡོངས་ནས་དྭ་ཕྲུག་འགན་སྲུང་གི་སྲིད་ཇུས་དངོས་འབེབས་བྱས་ནས་དཀའ་ངལ་བྱིས་པ་རིགས་བགར་ཏེ་འགན་སྲུང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། དཀའ་ངལ་བྱིས་པའི་ནད་གསོ་བཤག་བཅོས་སང་ཉིན་འཆར་གཞི་ལག་བསྟར་བྱས་ནས་ལོ་ཧྲིལ་བོར་ནད་པ་དང་དབང་བོ་སྐྱོན་ཅན་བྱིས་པའི་བཤག་བཅོས400ཡན་ལེགས་འགྲུབ་བྱེད་རྒྱུ་དང་། མུ་མཐུད་དུ་བོད་ཁུལ་གྱི་བྱིས་པའི་སྤྱི་ཚོགས་ཕན་བདེ་ལྟེ་གནས7དང་། བྱིས་པའི་ཕན་བདེ་ཁང་དང་ཟི་ལིང་བྱིས་པའི་ཕན་བདེ་ཁང10འཛུགས་སྐྲུན་བྱེད་པའི་ལས་གཞི་དུས་ལྟར་ལེགས་འགྲུབ་བྱེད་རྒྱུ་རེད། དཀའ་ངལ་དབང་བོ་སྐྱོན་ཅན་དང་དབང་བོ་སྐྱོན་ཚབས་ཆེན་མི་སྣའི་འཚོ་བའི་ཁ་གསབ་དང་བདག་སྐྱོང་ཁ་གསབ་ལམ་ལུགས་འཚོལ་ཞིབ་གསར་འཛུགས་བྱས་ཏེ་ཧུར་བརྩོན་གྱིས་དབང་བོ་སྐཡོན་མི་སྣའི་འགན་སྲུང་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གཞིས་ཁུལ་གྱི་དབང་བོ་སྐྱོན་ཅན་ཞབས་ཞུ་ལྟེ་གནས25འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱེད་རྒྱུ་ཡིན་ལ། ཧུའུ་ཀྲུའུ་དང་ནང་ཆེན་བཅས་རྫོང་རིམ་པའི་དབང་བོ་སྐྱོན་ཅན་འཕྲོད་བསྟེན་སྤྱི་ཚོགས་ཕན་བདེ་ལས་ཁུངས2འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་པ་དང་། མུ་མཐུད་དུ་དབང་བོ་སྐྱོན་ཅན་བགྲེས་སོང་ལ་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་རྒྱུ་རེད། དུས་མཚུངས་སུ་དུས་སྦས་ཞབས་ཞུ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་གཙོ་གནད་དུ་བཟུང་སྟེ་བོད་ཁུལ་གྱི་མི་རིགས་དུར་ཁང17གྱི་དུར་སྦས་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན་ལ་བརྟན་བརླིང་ངང་སྐུལ་འདེད་གཏོང་བ་དང་། མཚོ་ཤར་གྲོང་ཁྱེར་དང་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་དུར་ཁང2ཀྱི་དུར་སྦས་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ནས། ད་ལོར་བོད་ཁུལ་གྱི་རྫོང་རིམ་པར་དུར་ཁང་ཁྱབ་ཚད70%ལ་སླེབས་པར་བརྩོན་ལེན་བྱེད་རྒྱུ་རེད། ཕྱོགས་ཡོངས་ནས་བདག་གཉེར་རང་བཞིན་དང་སྤྱི་ཕན་རང་བཞིན་གྱི་དུར་ཁང་དོ་དམ་དང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཤུགས་ཆེན་པོས་ཁ་ཐོར་གྱིས་དུས་སྦས་དང་གཟབ་རྒྱས་ངང་དུར་སྦས་བྱེད་པ་སོགས་ཀྱི་གནད་དོན་དང་ཁྲིམས་འགལ་དུར་སྦས་བྱ་སྤྱོད་ལ་ཐག་གཅོད་བྱེད་རྒྱུ་རེད། མུ་མཐུད་དུ་ཡུལ་འཁྱར་སྤྲང་བོར་རོགས་སྐྱོར་དོ་དམ་བྱ་བར་ཤུགས་བསྣན་ནས། རོགས་སྐྱོར་དོ་དམ་ས་ཚིགསདང་ནར་མ་སོན་པའི་ཡུལ་འཁྱར་མི་སྣར་རོགས་སྐྱོར་སྲུང་སྐྱོང་ལྟེ་གནས13གྱི་ལས་གཞི་འཛུགས་སྐྲུན་ལག་བསྟར་བྱས་ཏེ། ད་ལོར་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་རོགས་སྐྱོར་དོ་དམ་ས་ཚིགས་ཁྱབ་ཚད50%ལ་སླེབས་པར་བརྩོན་ལེན་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག