མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར55ཧྲག་བསྡུ་བྱས་ཏེ་དམངས་སེམས་བཟོ་འགོད30ལག་བསྟར་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-24 10:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཕྱོགས་སོ་སོ་ནས་མ་དངུལ་སྒོར་དུང་ཕྱུར55ཧྲག་བསྡུ་བྱས་ཏེ་དམངས་སེམས་བཟོ་འགོད30ལག་བསྟར་བྱེད་རྒྱུ་རེད།

ད་ལོར་མཚོ་ལྷོ་ཁུལ་གྱིས་ལག་བསྟར་ཁས་ལེན་བྱས་པའི་དམངས་སེམས་བཟོ་འགོད་30ཡིས་མང་ཚོགས་ཀྱི་འདོད་བློ་དང་དགོས་མཁོ་བསྐངས་ཡོད། དེའི་ནང་ཆུ་བེད་ཐད་ལག་བསྟར་བྱེད་པའི་ཞིང་ཆུ་གྲོན་ཆུང་དང་རོང་འབྲོག་ཁུལ་གྱི་འཐུང་ཆུ་བདེ་འཇགས། ཆུ་མཛོད་ཉེན་སེལ། ཆུ་རྒྱུན་བཅོས་སྐྱོང་སོགས་བཟོ་འགོད་སྐོར་ཞིག་ཡོད་པ་དང་། དེས་མུའུ་ཁྲི4ལྷག་གི་ཞིང་ཆུ་འདྲེན་པའི་རྒྱ་ཁྱོན་ལེགས་བཅོས་དང་། མི་ཁྲི2.85དང་ཕྱུགས་ཟོག་ཁྲི25ཡི་འཐུང་ཆུ་བདེ་འཇགས་ཐག་གཅོད་བྱེད་ཐུབ། གློག་ཤུགས་ཐད་ལ་མ་དངུལ་སྒོར་དུང་ཕྱུར3.3བཏང་ནས་རོང་འབྲོག་ཁུལ་གྱི་གློག་དྲ་བཅོས་བསྒྱུར་བཟོ་འགོད་ལག་བསྟར་ཇེ་མགྱོགས་སུ་བཏང་སྟེ། མཐའ་ཁུལ་རི་མའི་ཤང་གྲོང་གི་རོང་འབྲོག་པ་མང་ཚོགས་ཁྱིམ་ཚང5200ཡི་གློག་བཀོལ་བའི་གནད་དོན་ཐག་གཅོད་རྒྱུ་ཡིན་པ་མ་ཟད། མ་དངུལ་སྒོར་ཁྲི1480བཏང་ནས་རླུང་འོད་ནུས་པའི་ཁ་གསབ་ཁྱིམ་སྤྱོད་གློག་ཁུངས་ལས་གཞི་གསར་འཛུགས་བྱས་ཏེ། ཞིན་ཧེ་རྫོང་གི་ལྷོ་རྒྱུད་ཀྱི་གློག་མེད་པའི་ཁྱིམ་ཚང644ལ་གློག་འཐེན་རྒྱུ་རེད། གཞུང་ལམ་འཛུགས་སྐྲུན་ཐད་ནས། ད་ལོར་མ་དངུལ་སྒོར་དུང་ཕྱུར3བཏང་ནས་ཞིན་ཧེ་རྫོང་གི་ལྷོ་རྒྱུད་མཐའ་ཁུལ་དུ་སྣུམ་ལམ་སྤྱི་ལེ92འཛུགས་པའི་བཟོ་འགོད་དང་། གུང་ཧི་རྫོང་ཚ་རྔ་འགག་ཆུ་མཛོད་གི་སྤྱི་ལེ53གྱི་བྱེ་མའི་གནས་སྐོར་གཞུང་ལམ་བཟོ་འགོད་དང་ཐུན་ཏེ་རྫོང་མཁར་ནས་ཐང་རྒན་ཤང་བར་གྱི་སྤྱི་ལེ30ཡི་གཞུང་ལམ་འཛུགས་སྐྲུན་བཟོ་འགོད་གསར་འཛུགས་བྱེད་རྒྱུ་རེད།

རོང་འབྲོག་དམངས་ཐོན་སྐྱེད་འཚོ་བའི་ཐད་ལ། ད་ལོར་མ་དངུལ་སྒོར་ཁྲི1100བཏང་ནས་ཁྱད་ལྡན་གཞི་ཁྱོན་ཅན་གྱི་གསོ་སྤེལ་རྟེན་གཞི་དང་གསོ་སྤེལ་ར་བ20དང་། ཁྱད་ལྡན་འདེབས་འཛུགས་ལས་རིགས་ཆེད་གཉེར་སྡེ་བ10གསར་འཛུགས་བྱེད་རྒྱུ་ཡིན་པ་མ་ཟད། མ་དངུལ་སྒོར་ཁྲི3000བཏང་ནས་ཤུགས་ཆེན་པོས་གུང་ཧིའི་སྐྱེ་ཁམས་ཞིང་ལས་དང་ཁྲི་ཀའི་སྤྲོ་འཆམ་ཞིང་ལས། ཀོས་ནན་གྱི་རྩྭའི་ཐོན་ལས། ཞིན་ཧེའི་སྐྱེ་ལྡན་ཕྱུགས་ལས་དང་ཐུན་ཏེའི་རྒྱུད་བཟང་ཕྱུགས་རིགས་གསོ་སྤེལ་བཅས་ཚན་རྩལ་དཔེ་སྟོན་ར་བ་ཆེན་མོ་ལྔའི་བྱེད་ནུས་མཐོར་འདེགས་སུ་གཏོང་རྒྱུ་རེད། དེར་མ་ཟད་མ་དངུལ་སྒོར་ཁྲི6340བཏང་ནས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ལས་གཞི8ལག་བསྟར་བྱས་ནས་ཚད་གཞི་མཐོ་བའི་དཔེ་སྟོན་ཞིང་ས་མུའུ་ཁྲི2.7འཛུགས་སྐྲུན་བྱེད་པ་དང་། རྩྭ་ར་མུའུ་ཁྲི12ལེགས་བཅོས་བྱེད་པ་དང་། མུའུ་ཁྲི3000ཚན་རྩལ་དཔེ་སྟོན་ཁྱབ་གདལ་གཏོང་རྒྱུ་རེད།

དེ་ལས་གཞན་ད་ལོར་ཁུལ་ཡོངས་ཀྱིས་རོང་འབྲོག་ཁུལ་གསར་བའི་དཔེ་སྟོན་སྡེ་བ52འཛུགས་སྐྲུན་བྱེད་པའི་ལས་གཞི་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། དེའི་ནང་སྡེ་བ20ཡི་ཞིང་སྡེ་ཁོར་ཡུག་ཡུག་སྦྲེལ་ལེགས་བཅོས་དཔེ་སྟོན་ལས་གཞི་དང་། དབུལ་ཕོངས་སྡེ་བ33གྱི་དབུལ་སྐྱོར་གསར་སྤེལ་གྱི་སྡེ་བ་ཧྲིལ་བོར་སྐུལ་འདེད་གཏོང་བའི་ལས་གཞི། སྡེ་བ29ཡི་བོད་ཁུལ་དབུལ་སྐྱོར་བརྟན་བརླིང་ལས་གཞི། སྡེ་བ28ཀྱི་ཡུལ་བབ་དང་བསྟུན་ནས་དབུལ་སྐྱོར་གནས་སྤོར་དང་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ལས་གཞི་སོགས་ཀྱིས་དབུལ་ཕོངས་མི་གྲངས་ཁྲི2ལྷག་ཇེ་ཉུང་དུ་གཏོང་ཐུབ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག