མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ལྷོ་ཁུལ་གྱི་གྲོང་རྡལ་སྡོད་དམངས་དང་རོང་འབྲོག་དམངས་ཁྱིམ་ཚང་ཁྲི་ལྷག་ལོ་སར་སྔོན་ལ་སྡོད་ཁང་གསར་བར་སྤོར་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-24 10:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་རྒྱུས་ལོན་པ་ལྟར་ན། 2013ལོར་རྨ་ལྷོ་ཁུལ་གྱིས་རིགས་སོ་སོའི་འགན་སྲུང་རང་བཞིན་གྱི་སྡོད་ཁང7398ལེགས་འགྲུབ་བྱས་ཤིང་ཁྱིམ་ཚང5572གནས་སྤར་ཡོད་ལ། ཞིང་སྡེའི་བྱ་དགའི་རང་བཞིན་གྱི་སྡོད་ཁང་དང་རུ་སྤོར་འབྲོག་དམངས་གཏན་སྡོད་སྡོད་ཁང་། ཞིང་སྡེའི་ཁང་རྙིང་བསྒྱུར་བཅོས་བཅས་ཁྱིམ་ཚང4724ལེགས་འགྲུབ་བྱས། ཁུལ་ཡོངས་ཀྱི་གྲོང་རྡལ་སྡོད་དམངས་དང་རོང་འབྲོག་དམངས་ཁྱིམ་ཚང་ཁྲི1.03ལོ་སར་སྔོན་ལ་སྡོད་ཁང་གསར་བར་གནས་སྤོར་རྒྱུ་རེད།

2013ལོར་ཁུལ་ཡོངས་ཀྱིས་ལེགས་འགྲུབ་བྱས་པའི་གྲོང་རྡལ་གྱི་རིགས་སོ་སོའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་ནང་ཁྱིམ་ཚང5572གནས་སྤར་ཡོད། ལོ་ཧྲིལ་བོར་མ་དངུལ་སྒོར་ཁྲི8680དངོས་འབེབས་བྱས་ཏེ་ཞིང་སྡེའི་བྱ་དགའི་རང་བཞིན་གྱི་སྡོད་ཁང2000དང་རུ་སྤོར་འབྲོག་དམངས་གཏན་སྡོད་སྡོད་ཁང་ཁྱིམ་ཚང1624། ཞིང་སྡེའི་ཁང་རྙིང་བསྒྱུར་བཅོས་ཁྱིམ་ཚང1100ལག་བསྟར་བྱས། མ་དངུལ་སྒོར་དུང་ཕྱུར2.85བཏང་ནས་ཏང་སྲིད་དམག་གསུམ་དང་ཁེ་ལས་ཀྱིས་དཔེ་སྟོན་སྡེ་བ་མཉམ་འཛུགས་བྱེད་པའི་ལས་གཞི12ལག་བསྟར་བྱས་ལ། སྡེ་བ26གི་ཁོར་ཡུག་ཡུག་སྦྲེལ་ལེགས་བཅོས་དང་སྡེ་བ5ཡི་ཞིང་སྡེ་གསར་བའི་ལྗང་བསྒྱུར་བཟོ་འགོད་ལེགས་འགྲུབ་བྱས་པས་ཁུལ་ཡོངས་ཀྱི་གྲོང་རྡལ་སྡོད་དམངས་ཀྱི་འཚོ་སྡོད་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བྱས། མ་དངུལ་སྒོར་ཁྲི4000བརྩོན་ལེན་བྱས་ཏེ། ཚོད་ལྟའི་འཛུགས་སྐྲུན་བྱས་པའི་ཐུན་རིན་རྫོང་རྒྱལ་བོ་སྡེ་བ་དང་གཅན་ཚ་རྫོང་སྔོ་རྒྱ་སྡེ་བ་གཉིས་ཀྱི་གསར་དར་ཞིང་སྡེའི་གཞིས་ཁུལ་ལས་གཞིའི་ལག་བསྟར་བྱས་ཆོག་པའི་ཞིབ་འཇུག་སྙན་ཞུ་ལ་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ཀྱིས་ཞིབ་བཤེར་ཆོག་མཆན་ཐོབ་པ་མ་ཟད་འཛུགས་སྐྲུན་བྱེད་མགོ་བརྩམས། ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག