མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཐུན་ཏེ་རྫོང་གི་དམིགས་བསལ་རིགས་ཀྱི་དབུལ་སྐྱོར་འཆར་གཞིའི་མཐུན་སྦྱོར་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-23 11:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཐུན་ཏེ་རྫོང་གི་དམིགས་བསལ་རིགས་ཀྱི་ལོ་གསུམ་གྱི་དབུལ་སྐྱོར་མཁྲེགས་གཏོར་འཆར་གཞིའི་མཐུན་སྦྱོར་གྲོས་ཚོགས་ཟི་ལིང་ནས་བསྡུས། ཚོགས་ཐོག་ནས2013ལོའི་ཐུན་ཏེ་རྫོང་གི་དམིགས་བསལ་ཅན་གྱི་ལོ་གསུམ་གྱི་དབུལ་སྐྱོར་མཁྲེགས་གཏོར་འཆར་གཞིའི་མ་དངུལ་བཏང་ཚད་དང་ལས་གཞིའི་ལག་བསྟར་གནས་ཚུལ། 2014ལོའི་ལས་གཞིའི་མ་དངུལ་བཀོད་སྒྲིག་གནས་ཚུལ་བཅས་ཀྱི་བརྡ་ཁྱབ་སྤེལ་བར་མ་ཟད། རྗེས་ཕྱོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས། ཐུན་ཏེ་རྫོང་གི་དམིགས་བསལ་ཅན་གྱི་ལོ་གསུམ་གྱི་དབུལ་སྐྱོར་མཁྲེགས་གཏོར་འཆར་གཞི་ནི་མཚོ་སྔོན་ཞིང་ཆེན་གྱིས་ལག་བསྟར་བྱས་པའི་དམིགས་བསལ་ཅན་གྱི་མཁྲེགས་གཏོར་འཆར་འགོད་དང་པོ་ཡིན་པ་དང། དེས་བོད་ཁུལ་གྱི་དབུལ་སྐྱོར་མཁྲེགས་གཏོར་ལ་མཛུབ་སྟོན་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་དང་སྤྱི་ཚོགས་འཆམ་མཐུན་ལ་ཡར་སྐུལ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་པ་དང་། ཕྱོགས་སོ་སོའི་ལོ་གཅིག་རིང་གི་འབད་བརྩོན་བརྒྱུད་ནས། གྲུབ་འབྲས་མངོན་གསལ་བླངས་ཡོད་སྙམ། ཚོགས་ཐོག་ནས། 2014ལོར་འཆར་གཞི་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་བདུན་གཏོང་རྒྱུའི་ཐག་བཅད་པ་དང་། དེའི་ཁྲོད་རྨང་གཞིའི་སྒྲིག་ཆས་དང་ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་བཅོས། སྤྱི་ཚོགས་ལས་དོན་དང་སྤྱི་བའི་ཞབས་ཞུ། བྱེད་ནུས་འཛུགས་སྐྲུན། སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་བཅས་རིགས་ཆེན་པོ་བརྒྱད་ཀྱི་ལས་གཞི་བརྒྱ་དང་བཅུ་དྲུག་འདུས།   །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག