མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྲ་སྒྲིག་དམག་ཞབས་རྐང་དམག་སྟོང་ཤོག་གི་རྒྱ་བོད་སྐད་གཉིས་ཀྱི་སྒྲོག་འགྲེལ་པ་རོང་འབྲོག་ཁུལ་དུ་སོང་ནས་སྲིད་ཇུས་སྒྲོག་འགྲེལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-23 11:24

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་སར་གྱི་སྔ་གཞུག་ཏུ། མཚོ་སྔོན་གྲ་སྒྲིག་དམག་ཞབས་རྐང་དམག་སྟོང་ཤོག་གིས་རྒྱ་བོད་སྐད་གཉིས་ཀྱི་སྒྲོག་འགྲེལ་ཚོགས་པ་མངག་གཏོང་བྱས་ཏེ། ལོ་སར་སྔོན་ནས་བཟུང་སྔ་གཞུག་ཏུ་ཧོང་ཀྲུང་དང་མིན་ཡོན། མེན་ཧི། ཁྲི་ཀ་སོགས་རྫོང་དུ་སོང་ནས། རོང་འབྲོག་མང་ཚོགས་ལ་ཏང་གི་ཡིག་ཆ་ཨང་དང་པོ་སོགས་དམངས་ཕན་སྲིད་ཇུས་གསར་བ་སྒྲོག་འགྲེལ་བྱས། འདི་ནི་མཚོ་སྔོན་གྲ་སྒྲིག་དམག་ཞབས་རྐང་དམག་སྟོང་ཤོག་གིས་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་སྟོང་ཕྲག་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ཤིག་རེད།

དུས་ལྟར་དམངས་ཕན་སྲིད་ཇུས་རོང་འབྲོག་ཁུལ་དུ་སྐྱེལ་ནས། གྲ་སྒྲིག་དམག་ཞབས་དམག་དཔུང་གི་སྡོད་སའི་ས་ཆའི་མང་ཚོགས་ཁྲོད་ཀྱི་བྱ་བའི་རུ་ཁག་དང་རིག་གནས་རུ་ཁག དྲིལ་སྒྲོག་རུ་ཁག་བཅས་ཀྱི་ནུས་བ་འདོན་སྤེལ་བཟང་བོ་བྱེད་ཆེད། སྟོང་ཤོག་དེས་ཡིག་ཆ་ཨང་དང་པོའི་ཁྲོད་ཀྱི་དམངས་ཕན་སྲིད་ཇུས་རྩོམ་སྒྲིག་དང་བསྐྱར་དཔར་བྱས་ཏེ་དཔེ་ཆ་བཟོས་རྗེས་རུ་ཤོག་དང་བརྒྱ་ཤོག་ཏུ་མར་བཀྲམས་ནས་སློབ་སྦྱོང་བྱེད་དུ་བཅུག་པ་དང་། དྲིལ་སྒྲོག་རྐང་འཛིན་པ་རྩ་འཛུགས་བྱས་ཏེ་པར་རིས་དང་ཡི་གེ་མཉམ་བསྲེས་ཀྱི་རྒྱ་བོད་སྐད་གཉིས་ཀྱི་དྲིལ་སྒྲོག་ཤོག་བྱང་དང་དཔེ་ཆ་ཆུང་ཆུང་བཟོས་པར་མ་ཟད། འབྲེལ་ཡོད་ཀྱི་དགོངས་དོན་མང་ཚོགས་ཀྱི་གོ་སླ་བ་དང་ཉན་འདོད་པའི་ས་གནས་སྐད་ཆའི་ཁ་རྒྱུག་སྙན་ཚིག་སོགས་ལེ་ཚན་དུ་སྒྲིག་ནས་སྒྲོག་འགྲེལ་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག