མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་ཆེན་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གིས་ཁ་གཏད་སྡེ་ཁག་གི་བྱ་བའི་འབྲེལ་འདྲིས་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-22 11:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གིས་ཁ་གཏད་སྡེ་ཁག་གི་བྱ་བའི་འབྲེལ་འདྲིས་གྲོས་ཚོགས་བསྡུས་ནས། ན་ནིང་གི་བྱ་བར་སྤྱི་བསྡོམས་དང་ད་ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་དང་ཁ་གཏད་འབྲེལ་འདྲིས་སྡེ་ཁག་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོབ་ཀྱི་བྱ་བའི་གཙོ་གནད་ལ་དམ་དུ་དམིགས་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བྱིན་པའི་འགན་ནུས་ལག་བསྟར་ནན་མོ་བྱས་ཏེ། བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། དམིགས་འབེན་ལས་འགན་སྣ་ཚོགས་དོན་འཁྱོལ་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།

ཚོགས་ཐོག་ནས། ཧུར་ཐག་གིས་ས་གནས་ཁྲིམས་འཛུགས་ཀྱི་རྒྱུ་སྤུས་མཐོར་འདེགས་བྱེད་པའི་ཕན་ཡོད་བྱེད་ཐབས་འཚོལ་ཞིབ་བྱེད་པ་དང་། དམངས་འཐུས་ཚོགས་ཆེན་གྱིས་ཁྲིམས་འཛུགས་བྱ་བའི་ཁྲོད་ཀྱི་ནུས་བ་གཙོ་བོ་འདོན་སྤེལ་བྱེད་པར་གཙིགས་འཛིན་བྱས་ཏེ། རྟོག་ཞིབ་ཀྱི་ཕན་འབྲས་དངོས་ལ་དོ་སྣང་དང་ཁྲིམས་འཛུགས་ལམ་བུ་རྒྱ་བསྐྱེད་པ། ཁྲིམས་འཛུགས་ཀྱི་ཁ་གཏད་རང་བཞིན་དང་མ་ལག་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཇེ་དྲག་ཏུ་བཏང་ནས། ཁ་གཏད་ལས་ཁུངས་ཀྱི་འབྲེལ་འདྲིས་དང་བརྗེ་རེས་ལ་ཤུགས་སྣོན་པ་དང་། འབྲེལ་འདྲིས་ལམ་ལུགས་འཐུས་ཇེ་ཚང་དུ་གཏོང་བ་དང་མཉམ་ཤུགས་གྲུབ་པར་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་པར་བྱས་རྗེས་གསར་བ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག