མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡན་ཅིན་ཧེ་ཡིས་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་བྱེད་སྐབས་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་བདེ་བླག་ངང་སྤེལ་བར་ཁག་ཐེག་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-22 11:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས19ཉིན་དང་ཚེས20ཉིན་གཉིས་ལ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་མཚོ་ཤར་གྲོང་ཁྱེར་གྱི་ཕེན་ཨན་སོགས་རྫོང་ལྔར་སོང་སྟེ། དཔྱིད་འདེབས་ཐོན་སྐྱེད་དང་སྔོ་ཚོད་བཟོ་སྐྲུན་ལག་བསྟར་བྱེད་པའི་བྱ་བར་རྟོག་ཞིབ་བྱས། ཁོས་རིམ་པ་སོ་སོའི་སྲིད་གཞུང་དང་ཞིང་ལས་ཕྱོགས་ཀྱི་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། འབྲུ་རིགས་ཐོན་ཚད་བརྟན་འཇགས་སུ་གཏོང་བ་དང་སྔོ་ཚོད་འདེབས་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བ་བཅས་དམིགས་འབེན་ཏུ་བརྩིས་ནས། སྔ་མོ་ནས་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་སྟེ། དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡན་ཅིན་ཧེ་ཡིས་ནན་གྱིས་བཤད་རྒྱུར། མཁོ་སྤྲོད་ལས་ཁུངས་ཀྱིས་ཞིང་ལས་རྒྱུ་ཆ་སྣ་ཚོགས་མྱུར་དུ་གཞི་རིམ་ལ་སྐྱེལ་བ་དང་གཞི་རིམ་ལ་ཞབས་ཕྱི་བསྒྲུབ་སྟེ། དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་ཀྱི་དགོས་མཁོ་བསྐོང་དགོས་པ་དང་། ཞིང་ཕྱུགས་ལས་ཁུངས་ཀྱིས་ཞིང་ལས་ལོ་ཏོག་གི་ས་བོན་བཟང་བོ་འདོན་སྤྲོད་བྱེད་དགོས་ལ། འབྲེལ་ཡོད་ལས་ཁུངས་ཀྱིས་གཞོགས་འདེགས་དམ་པོ་བྱས་ནས། ཞིང་ལས་རྒྱུ་ཆ་རྫུན་མ་ཉོ་ཚོང་བྱེད་པའི་བྱ་འགུལ་ལ་རྡུང་རྡེག་ནན་མོ་བྱས་ནས། རྒྱ་ཆེའི་ཞིང་བ་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས། ཆུ་བེད་སྡེ་ཁག་གིས་ཆུས་བརླགས་པའི་བཟོ་སྐྲུན་མྱུར་དུ་ཞིག་གསོ་བྱེད་པ་དང་། ཆུ་རྐ་གཙང་སེལ་བྱས་ནས། དཔྱིད་ཀའི་ཞིང་ཆུ་འདྲེན་པའི་བྱ་བ་བཀོད་སྒྲིག་བཟང་བོ་བྱེད་དགོས་ཟེར།

དེ་དང་མཉམ་དུ་ཡན་ཅན་ཧེ་ཡིས་ད་རུང་དབུལ་ཕོངས་ཁྱིམ་ཚང་ལ་འཚམས་འདྲི་བྱས་ནས། ཁོ་ཚོར་ཡིད་ཆེས་ཇེ་ཆེར་གཏོང་བ་དང་དཀའ་ཁག་ཁྱད་དུ་བསལ་ཏེ། སྔ་མོ་ནས་དབུལ་ཕོངས་ལས་ཐར་བར་བྱེད་དགོས་པའི་སྐུལ་མ་བཏང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག