མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཁོང་ཡུང་གིས་ཀྲུང་གོ་ཚན་རིག་གླིང་གི་མཚོ་སྔོན་དུ་སྡོད་པའི་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱི་བྱ་བར་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-22 11:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས20ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཀྲུང་གོ་ཚན་རིག་གླིང་གི་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དང་མཚོ་སྔོན་ཚྭ་ཁ་ཞིབ་འཇུག་ཁང་དུ་སོང་ནས་བྱ་བར་རྟོག་ཞིབ་བྱས།

ཁོང་ཡུང་སྔ་གཞུག་ཏུ་བོད་སྨན་སྨན་ལུགས་རིག་པ་དང་བདེ་འཇགས་རང་བཞིན་གྱི་གདེང་འཇོག་ཞིབ་འཇུག་ཚོད་ལྟ་ཁང་གཙོ་བོ། ཚྭ་ཁ་མ་རྒྱུ་དཀོན་པོའི་ཚོད་ལྟ་ཁང་གཙོ་བོ་དང་དབྱེ་ཞིབ་ཚོད་ལྟའི་ལྟེ་གནས་སོགས་སྡེ་ཁག་ཏུ་སོང་ནས་ཚན་རྩལ་མི་སྣའི་འཚོ་བ་དང་བྱ་བའི་གནས་ཚུལ་དང་མིག་སྔར་སྤེལ་བཞིན་པའི་ཞིབ་འཇུག་བྱ་གཞི་གཙོ་བོ་སོགས་ལ་རྟོག་ཞིབ་དང་རྒྱུས་ལོན་བྱས། ཁོང་ཡུང་གིས་ཀྲུང་གོ་ཚན་རིག་གླིང་གི་ཁོངས་གཏོགས་ལས་ཁུངས་འདི་གཉིས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་དུ་རྐང་བཙུགས་ནས་དགེ་མཚན་འདོན་སྤེལ་བྱས་ཏེ། ས་གནས་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བཞག་པའི་བྱས་རྗེས་ལ་གདེང་འཇོག་མཐོན་པོ་བྱས།

ཁོང་ཡུང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་ཚན་རྩལ་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཚན་རྩལ་གྱི་འདེགས་སྐྱོར་མེད་ཚེ། མཚོ་སྔོན་གྱི་དཔལ་འབྱོར་དང་འཕེལ་རྒྱས་ལ་རྗེས་ཤུགས་མེད་པས། མགྱོགས་མྱུར་སྒོས་འཕེལ་རྒྱས་ལ་འགྲོ་མི་ཐུབ་ཤ་སྟག་ཡིན། དེར་བརྟེན། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཚྭ་ཁའི་ཐོན་ལས་གཙོ་བོའི་འཕེལ་རྒྱས་ཚང་མ་ཀྲུང་གོ་ཚན་རིག་གླིང་སོགས་ལས་ཁུངས་དང་སྡེ་ཁག་གི་རྒྱབ་སྐྱོར་ཆེན་པོ་དང་འབྲལ་ཐབས་མེད། སྐྱེ་དངོས་ཞིབ་འཇུག་ཁང་དང་ཚྭ་ཁ་ཞིབ་འཇུག་ཁང་གཉིས་ལ་དེའི་ཐད་ནས་དགེ་མཚན་དང་སྦས་ཤུགས་ཅུང་ཆེན་པོ་ཡོད་པས། ཚང་མས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རེ་བར་དམིགས་ནས། ཚན་རྩལ་ཐོན་ཁུངས་ཀྱི་དགེ་མཚན་གཅིག་བསྡུ་དང་ཤེས་ལྡན་མི་སྣའི་ནུས་པ་འདོན་སྤེལ་བྱེད་པ་དང་། ས་གནས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། ཐོན་སྐྱེད་དང་ཚན་རྩལ། ཞིབ་འཇུག་གསུམ་ཟུང་འབྲེལ་བྱས་ནས། ཚན་རྩལ་དང་དཔལ་འབྱོར་ཟུང་འབྲེལ་གྱི་ལམ་བུ་བཏོད་དེ། བྱས་རྗེས་གསར་བ་བསྐྲུན་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག