མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-22 11:10

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྨན་བཅོས་བཅོས་བསྒྱུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་མཱ་ཧྲུན་ཆིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས21ཉིན། 2014ལོའི་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས་པ་དང་། ཚོགས་ཐོག་ཏུ2013ལོའི་འཕྲོད་བསྟེན་བྱ་བར་སྤྱི་བསྡོམས་དང་ཕྱོགས་ཡོངས་ནས2014ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྨན་བཅོས་བཅོས་བསྒྱུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་མཱ་ཧྲུན་ཆིན་གྲོས་ཚོགས་སུ་ཞུགས་པ་དང་། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཅིན་ཅིན་གྱིས་བྱ་བའི་སྙན་ཞུ་ཕུལ།

ཚོགས་ཐོག་ནས། 2013ལོའི་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན་གྱིས་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གི་ལས་བགོས་འགན་གཉེར་མགོ་ཁྲིད་ཚོ་དང2014ལོའི་སྨན་བཅོས་བཅོས་བསྒྱུར་བྱ་བའི་དམིགས་འབེན་ལས་འགན་ཡི་གེ་བཀོད། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཅིན་ཅིན་གྱིས་གྲོང་ཁྱེར་དང་ཁུལ་སོ་སོའི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་སྲིད་འཛིན་སྡེ་ཁག་གི་འགན་ཁུར་མི་སྣ་དང་2014ལོའི་ས་གནས་སོ་སོའི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་དང་སྤྱོད་ངན་བཞི་ཡོ་བསྲང་བྱེད་པའི་བྱ་བའི་དམིགས་འབེན་དོ་དམ་ལས་འགན་ཡི་གེ་བཀོད།

ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྨན་བཅོས་བཅོས་བསྒྱུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་མཱ་ཧྲུན་ཆིན་གྱིས་ཚོགས་ཐོག་ནས་གཏམ་གལ་ཆེན་བཤད་པར་མ་ཟད། སྨན་བཅོས་འགན་སྲུང་དང་སྨན་རྫས། སྨན་བཅོས་བཅས་ཕྱོགས་གསུམ་ཐད་ནས་ཞིང་ཆེན་ཡོངས་ཀྱི་རྗེས་ཕྱོགས་ཀྱི་སྨན་བཅོས་བཅོས་བསྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག