མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་སྔར་ལས་ལྷག་པར་རིམ་པ་བགར་ནས་བརྟག་དཔྱད་སྨན་བཅོས་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-22 10:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་གྱིས2013ལོའི་ཟླ10བ་ནས་བཟུང་རིམ་པ་བགར་ནས་བརྟག་དཔྱད་སྨན་བཅོས་བྱེད་པའི་ལམ་ལུགས་ལག་བསྟར་བྱས་པ་ནས་བཟུང་།  སྨན་ཁང་དུ་ཞག་སྡོད་བྱས་པའི་ནད་པ་གཞི་རིམ་དུ་བཀོད་སྒྲིག་བྱེད་པ་དང་སྨན་བཅོས་ཉེན་བཅོལ་འགྲོ་སོང་འོས་མཐུན་ཡིན་པའི་ཕན་འབྲས་ཐོབ།  ཟླ2པའི་ཚེས20ཉིན།  ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས《སྔར་ལས་ལྷག་པར་རིམ་པ་བགར་ནས་བརྟག་དཔྱད་སྨན་བཅོས་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་བསམ་འཆར་འགའ》འགྲེམ་སྤེལ་བྱས་པ་དང་།  སྔར་ལས་བརྒྱུད་བརྟག་བྱེད་པའི་འགྲོ་ལུགས་ཇེ་ཡངས་སུ་བཏང་བ་མ་ཟད།  ཡུལ་ཕྱོགས་གཞན་ནས་སྡོད་པའི་སྨན་བཅོས་ཉེན་བཅོལ་ནང་ཞུགས་ཡོད་པའི་མང་ཚོགས་ཀྱི་བརྒྱུད་བརྟག་སྒྲིག་རིམ་སོགས་ནས་གཏན་འཁེལ་བྱས་པས།  རིམ་པ་བགར་ནས་བརྟག་དཔྱད་སྨན་བཅོས་བྱེད་པ་དང་།  ཞབས་ཞུ་སྒྲིག་རིམ་ཇེ་ཡངས་སུ་གཏོང་བ།  སྨན་བཅོས་བྱ་སྤྱོད་ཚད་ལྡན་དུ་གཏོང་བ།  མང་ཚོགས་ཀྱི་སྨན་ཡོན་འགན་ཁུར་ཇེ་ཉུང་དུ་གཏོང་བ་བཅས་ལ་ཕན་འབྲས་ཆེན་པོ་ཐོབ་པ་དང་ཞ  ཕན་འབྲས་ཡོད་པའི་སྒོ་ནས་མང་ཚོགས་ནད་ལ་སྟོན་དཀའ་བའི་གནད་དོན་ཐག་བཅད་པ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག