མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ཅན་ཅོན་གྱིས་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-20 19:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས19ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་གྱིས་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཚོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་མགོ་རྩོམ་པའི་མཛད་སྒོའི་སྟེང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་དེ་ལག་བསྟར་དངོས་འབེབས་བྱས་ནས། འཚོལ་ཞིབ་ནན་མོ་བྱེད་པ་དང་། ཡར་རྒྱས་འབད་འཐབ་བྱས་ནས། བཅོས་སྒྱུར་གསར་སྐྲུན་གྱི་དགོངས་དོན་དེ་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བ་སྣ་ཚོགས་ཁྲོད་དུ་ལག་ལེན་མཐར་ཕྱིན་བྱས་ནས། རྒྱུན་ཆད་མེད་པར་ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་བྱ་བ་ཚན་རིག་ཅན་གྱི་ཆུ་ཚད་དུ་བསླེབ་པར་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པར་འཚམས་འདྲི་བྱེད་སྐབས། བྱ་བའི་གནས་ཚུལ་ཞིབ་འདྲི་བྱས་པ་མ་ཟད། ཁྲུའུ་རིམ་པ་ཡན་ཆད་ཀྱི་ལས་བྱེད་པར་བཞུགས་མོལ་བྱས། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཡར་ཞུར་ཉན་ནས་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་རྗེས། ཝང་ཅན་ཅོན་གྱིས་བསྟན་དོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བས་ལྟེ་གནས་ལ་ཞབས་ཕྱི་སྒྲུབ་པ་དང་། དཔུང་སྡེ་འཛུགས་སྐྲུན་བྱེད་པའི་སྲོག་ཤིང་གི་ལས་འགན་ལ་དམ་པོར་དམིགས་ནས། འགན་འཁྲི་དང་སྲོལ་ཡིག་གཉིས་ལས་གཏན་ལ་ཕབ་པའི་དོན་དག་བཟང་བོར་སྒྲུབ་དགོས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་དོན་དག་བཟང་བོར་སྒྲུབ་པ། རང་བདག་འཛུགས་སྐྲུན་བྱ་བ་བཟང་པོར་སྒྲུབ་དགོས་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་བཅོས་སྒྱུར་གསར་སྐྲུན་གྱི་དགོངས་དོན་བྱ་བ་སྣ་ཚོགས་ཁྲོད་དུ་ལག་ལེན་བྱས་ནས། ཡུན་རིང་འཆར་གཞི་འཐེན་པ་དང་། མྱུར་དུ་བཀོད་སྒྲིག་བྱེད་པ། གནད་ས་དམ་འཛིན་བྱེད་པ་བཅས་བྱས་ཏེ་ད་ལོའི་ལས་ཁུངས་ཀྱི་ཕན་ནུས་འཛུགས་སྐྲུན་བྱ་བ་དམ་འཛིན་བཟང་བོ་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག