མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་རྩ་འཛུགས་བྱས་ཏེ་གཅིག་བསྡུས་ལྟ་ཞིབ་བཞུགས་མོལ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-20 19:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོགས་ལ་ཉེ་བའི་སྐབས་འདིར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་སྙན་ཞུ་སྣ་ཚོགས་ལ་གྲོས་ཞིབ་དང་། གྲོས་གཞི་དང་བསམ་འཆར་འདོན་པར་གྲ་སྒྲིག་བཟང་བོ་བྱེད་ཆེད། ཟླ2པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་རྩ་འཛུགས་བྱས་ཏེ་གཅིག་བསྡུས་ལྟ་ཞིབ་བཞུགས་མོལ་ཚོགས་འདུ་བསྡུས་ནས། མི་དམངས་སྲིད་གཞུང་དང་ཁྲིམས་ཁང་། ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་འཐུས་མིའི་བསམ་འཆར་གྲ་སྒྲིག་གནས་ཚུལ་དང་འཐུས་མི་གཙོ་བོའི་བསམ་འཆར་ལག་བསྟར་གནས་ཚུལ་གྱི་སྙན་ཞུ་ལ་ཉན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་གྱིས་གཏམ་བཤད་པ་དང་། ཀྲུའུ་རིན་གཞོན་པ་མཱ་ཝེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཁ་ཤས་ཀྱིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་བསམ་འཆར་ཡར་སྤྲོད་བྱས་པར་མ་ཟད། འཐུས་མིའི་བསམ་འཆར་གྱི་རྒྱུ་སྤུས་དང་ཁ་གཏད་རང་བཞིན་ཇེ་མཐོར་གཏོང་བའི་ཐད་བསམ་འཆར་བཏོན།

མུའུ་ཏུང་ཧྲིན་གྱིས་བསྟན་དོན། འཐུས་མི་ཚོས་སེམས་ཞིབ་མོས་འགན་ནུས་སྒྲུབ་པ་དང་། སློབ་སྦྱོང་དམ་འཛིན་བྱས་ཏེ། བསམ་བློ་དང་འགུལ་སྐྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས། ལངས་ཕྱོགས་ཐད་ཀྱི་ཡིད་ཆེས་དང་རིགས་གཞུང་ཐད་ཀྱི་ཡིད་ཆེས། ལམ་ལུགས་ཐད་ཀྱི་ཡིད་ཆེས་བཅས་སྔར་ལས་ཇེ་བརྟན་དུ་གཏོང་དགོས་པ་དང་། རྟོག་ཞིབ་བྱ་བ་དམ་འཛིན་བྱས་ཏེ། ཕྱོགས་ཡོངས་ནས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་། ཧུར་ཐག་གིས་ཚོགས་འདུའི་གྲོས་ཞིབ་ཁྲོད་ཁ་གཏད་རང་བཞིན་ལྡན་པའི་བསམ་འཆར་བཏོན་ནས། རྒྱལ་ཁབ་ཀྱིས་མཚོ་སྔོན་ཞིང་ཆེན་ལ་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱེད་པར་བརྩོན་ལེན་བྱེད་དགོས། སེམས་ཞིབ་མོས་བསམ་འཆར་གྲ་སྒྲིག་བྱས་ཏེ། བཏོན་པའི་བསམ་འཆར་གྱིས་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་ཀྱི་འདོད་བློ་མཚོན་པར་བྱས་ནས། དུས་ལྟར་བསམ་འཆར་སྒྲུབ་ཐུབ་པར་བརྩོན་ལེན་བྱེད་དགོས། ཁྲིམས་ལྟར་འཐུས་མིའི་ལས་འགན་བཟང་བོར་བསྒྲུབ་པ་དང་། གྲོས་ཚོགས་བསྡུས་ནས། མི་དམངས་མང་ཚོགས་ཀྱི་འདོད་བློ་དང་རེ་བ་གྲོས་ཚོགས་སྟེང་ཁྱེར་ནས། རང་གི་བྱ་སྤྱོད་དངོས་ཀྱི་སྟེང་ནས་མཚོ་སྔོན་རིགས་སོ་སོའི་མི་དམངས་ཀྱི་ཡིད་རྟོན་དང་མངག་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བར་བྱེད་དགོས་ཟེར། མུའུ་ཏུང་ཧྲིན་གྱིས་ད་དུང་འཐུས་མི་ཚོས་ཁྲིམས་ལྟར་འགན་ནུས་སྒྲུབ་ནས་ཞབས་ཞུ་དང་འགན་སྲུང་བཟང་བོ་བྱེད་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག