མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་བཅའ་སྡོད་སློབ་མའི་འཚོ་བའི་འགྲོ་གྲོན་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-20 10:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2བའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས21པས། 2014ལོའི་དཔྱིད་དུས་སློབ་མགོ་ཚུགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་བཅའ་སྡོད་སློབ་མའི་འཚོ་བའི་ཁ་གསབ་ཚད་གཞི་དེ་སློབ་མ་རེར་སྒོར100ལ་ཇེ་མཐོར་གཏོང་རྒྱུ་ཐག་བཅད།

ཚད་གཞི་ཇེ་མཐོར་བཏང་རྗེས་བཅའ་སྡོད་སློབ་མའི་འཚོ་བའི་ཁ་གསབ་ཚད་གཞི་དེ་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གྱི་སློབ་ཆུང་སློབ་མ་རེར་ལོ་རེར་སྒོར1100དང་དམའ་འབྲིང་སློབ་མ་རེར་ལོ་རེར་སྒོར1350ལ་སླེབས་ཡོད་པ་དང་། མཚོ་བྱང་དང་མཚོ་ནུབ་ཁུལ་གྱི་སློབ་ཆུང་སློབ་མ་རེར་ལོ་རེར་སྒོར1500དང་དམའ་འབྲིང་སློབ་མ་རེར་ལོ་རེར་སྒོར1700ལ་སླེབས་ཤིང་། མཚོ་ལྷོ་དང་རྨ་ལྷོ་ཁུལ་གྱི་ཐུན་རིན་རྫོང་དང་གཅན་ཚ་རྫོང་གི་སློབ་ཆུང་སློབ་མ་རེར་ལོ་རེར་སྒོར1600དང་དམའ་འབྲིང་སློབ་མ་རེར་ལོ་རེར་སྒོར1800ལ་སླེབས། ཡུས་ཧྲུའུ་དང་མགོ་ལོག རྨ་ལྷོའི་རྩེ་ཁོག་རྫོང་དང་ཧི་ནན་རྫོང་གི་སློབ་ཆུང་སློབ་མ་རེར་ལོ་རེར་སྒོར1700དང་དམའ་འབྲིང་སློབ་མ་རེར་ལོ་རེར་སྒོར1900ལ་སླེབས་ཡོད། སློབ་གསོའི་ལས་དོན་གྱི་སྡོམ་རྩིས་སྙན་ཞུ་རེའུ་མིག་གི་གཞི་གྲངས་ལྟར་ན། 2013ལོར་ཞིང་ཆེན་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་རིམ་གྱི་བཅའ་སྡོད་སློབ་མ་ཁྲི23.51ཡོད་པ་དང་། ཚད་གཞི་ཇེ་མཐོར་གཏོང་བའི་མ་དངུལ་སྒོར་ཁྲི2351དགོས་ལ། མིག་སྔར་ལག་བསྟར་བྱེད་བཞིན་པའི་མ་དངུལ་འགན་ཁུར་གྱི་བསྡུར་ཚད་བྱེད་ཐབས་ལྟར་ན། མ་དངུལ་དེ་དག་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱིས80%དང20%ཡི་ཚད་གཞི་ལྟར་འགན་ཁུར་དགོས་ཤིང་། དེའི་ནང་ཞིང་ཆེན་རིམ་པས་མ་དངུལ་སྒོར་ཁྲི1881དང་། ཁུལ་དང་རྫོང་རིམ་པས་མ་དངུལ་སྒོར་ཁྲི470འགན་ཁུར་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག