མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་པེ་ཅིན་ཧྲང་ཧེ་སོགས་ཞིང་ཆེན་དང་གྲོང་ཁྱེར་དྲུག་ལ་མཉམ་འབྲེལ་བྱས་ཏེ་ཁུལ་དྲུག་གི་བོད་ཁུལ་གྱི་འབྲིང་རིམ་ཆེད་ལས་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་རོགས་སྐྱོར་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-18 10:16

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་མི་རིགས་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་སྲུང་མ་ཡིས་བཤད་རྒྱུར། པེ་ཅིན་དང་ཧྲང་ཧེ་སོགས་ཞིང་ཆེན་དང་གྲོང་ཁྱེར་དྲུག་ལ་མཉམ་འབྲེལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཁུལ་དྲུག་གི་བོད་ཁུལ་གྱི་དཔེ་སྟོན་རང་བཞིན་གྱི་འབྲིང་རིམ་ཆེད་ལས་སློབ་གྲྭ་འཛུགས་སྐྲུན་འཆར་གཞི་ཞིབ་ཕྲར་བཟོས་པ་དང་། ས་གནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ལ་གཞིགས་ཏེ་འོས་འཚམ་གྱིས་ཆེད་ལས་བཙུགས་ནས་སློབ་མའི་ལས་ཞུགས་ནུས་པ་མཐོར་འདེགས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་བཏོན་པ་དེས་ཕན་ནུས་ལྡན་པའི་སྒོ་ནས་མཚོ་སྔོན་བོད་ཁུལ་གྱི་སློབ་གསོ་ལ་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།

རྒྱུས་ལོན་པ་ལྟར་ན། 2013ལོར། ཅང་སུའུ་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ས་ཁུལ་གྱི་སློབ་གསོ་ལས་གཞི18ལ་རོགས་སྐྱོར་བྱས་ཤིང་། རོགས་སྐྱོར་མ་དངུལ་སྒོར་ཁྲི7726བཏང་ཡོད། ཧྲན་ཏུང་ཞིང་ཆེན་གྱིས་མཚོ་སྔོན་མཚོ་བྱང་ས་ཁུལ་གྱི་སློབ་གསོ་ལས་གཞི19ལ་རོགས་སྐྱོར་བྱས་པ་དང་། རོགས་སྐྱོར་མ་དངུལ་སྒོར་ཁྲི7254ལ་སླེབས་ཡོད། ཀྲེ་ཅང་ཞིང་ཆེན་གྱིས་མཚོ་སྔོན་མཚོ་ནུབ་ས་ཁུལ་གྱི་སློབ་གསོ་ལས་གཞི22ལ་རོགས་སྐྱོར་བྱས་པ་དང་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར2.02ལ་སླེབས། ཐེན་ཅིན་གྲོང་ཁྱེར་གྱིས་མཚོ་སྔོན་རྨ་ལྷོ་ས་ཁུལ་གྱི་སློབ་གསོ་ལས་གཞི12ལ་རོགས་སྐྱོར་བྱས་པ་དང་རོགས་སྐྱོར་མ་དངུལ་སྒོར་ཁྲི1959ལ་སླེབས། ཧྲང་ཧེ་གྲོང་ཁྱེར་གྱིས་མཚོ་སྔོན་མགོ་ལོག་ས་ཁུལ་གྱི་སློབ་གསོ་ལས་གཞི20ལ་རོགས་སྐྱོར་བྱས་ཤིང་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར1.13ལ་སླེབས་ཡོད། པེ་ཅིན་གྲོང་ཁྱེར་གྱིས་མཚོ་སྔོན་ཡུས་ཧྲུའུ་ས་ཁུལ་གྱི་སློབ་གསོ་ལས་གཞི12ལ་རོགས་སྐྱོར་བྱས་ཏེ་རོགས་སྐྱོར་མ་དངུལ་སྒོར་ཁྲི2110ལ་སླེབས།

རྒྱུས་ལོན་པ་ལྟར་ན། ད་ལོར་མཚོ་སྔོན་གྱིས་པེ་ཅིན་དང་ཧྲང་ཧེ། ཐེན་ཅིན། ཧྲན་ཏུང་། ཅང་སུའུ། ཀྲེ་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར་ལ་མཉམ་འབྲེལ་བྱས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་ལ་མཐུན་སྦྱོར་བྱས་ནས། ཁ་གཏད་རོགས་སྐྱོར་བྱེད་མཁན་གྱིས་གཏན་འཁེལ་བྱས་པའི་ཆེད་ལས་སློབ་གསོའི་ཚོགས་སྒྲིལ6གིས་མཚོ་སྔོན་གྱི་ཁུལ་དྲུག་གི་བོད་ཁུལ་འབྲིང་རིམ་ཆེད་ལས་སློབ་གྲྭ6ལ་ཁ་གཏད་རོགས་སྐྱོར་བྱེད་པ་བརྩོན་ལེན་བྱེད་རྒྱུ་རེད། དུས་མཚུངས་སུ་ཞིང་ཆེན་དང་གྲོང་ཁྱེར་སོ་སོས་བོད་ཁུལ་གྱི་ཁ་གཏད་སློབ་གྲྭ་ནས་རྐང་འཛིན་ཆེད་ལས་གཅིག་ནས་གཉིས་ཀྱི་དངོས་སྦྱོང་རྟེན་གཞི་འཛུགས་རྒྱུ་རེད། གཞན་ཡང་ལོ་རེར་ཆེད་ལས་དགེ་རྒན་ལས་རྐང་གསོ་སྦྱོང་ལ་ཞུགས་ཏེ། དགེ་རྒན་གྱི་དོ་དམ་ནུས་པ་དང་སློབ་ཁྲིད་ནུས་པ་ཇེ་མཐོར་གཏོང་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག