མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དཔའ་ལུང་རྫོང་གི་མི་ཁྲི1.6དབུལ་ཐར་བྱུང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-18 10:16

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧེ་རིགས་རང་སྐྱོང་རྫོང་གིས་དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་གཏོང་བ་དང་དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་དམིགས་ཡུལ་དུ་བཟུང་སྟེ། ཧུར་བརྩོན་གྱིས་དབུལ་སྐྱོར་ལས་གཞི་བཟོ་འགོད་ལག་བསྟར་བྱས་ཤིང་། 2013ལོར་དཔའ་ལུང་རྫོང་གིས་མི་ཁྲི1.6དབུལ་ཐར་མངོན་འགྱུར་བྱས།

ན་ནིང་། དཔའ་ལུང་རྫོང་གིས་མ་དངུལ་སྒོར་ཁྲི7766བཏང་ནས་སྡེ་བ་ཧྲིལ་བོར་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་དབུལ་སྐྱོར་གནས་སྤོར་བྱེད་པ། བོད་ཁུལ་བརྟན་བརླིང་དུ་གཏོང་བ། ཡུག་སྦྲེལ་ཁྱད་དབུལ་ས་ཁུལ། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ལས་གཞི། ངལ་རྩོལ་ནུས་ཤུགས་གསོ་སྦྱོང་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ། དཔལ་འབྱོར་ནགས་ཚལ་མུའུ་ཁྲི8816འདེབས་འཛུགས་བྱས་པ་དང་། འདེབས་འཛུགས་ཁྱིམ་ཚང5910དང་་གསོ་སྤེལ་ཁྱིམ་ཚང4884ལ་རོགས་སྐྱོར་བྱས་ལ། སྡོད་དམངས་ཁྱིམ་ཚང447གནས་སྤོར་བཀོད་སྒྲིག་བྱས་པ་དང་། སྡེ་བ11དང་དགོན་པ1གི་འཐུང་ཆུ་དཀའ་ངལ་གནད་དོན་ཐག་གཅོད་བྱས། ལས་གཞི་རོགས་སྐྱོར་ལ་བརྟེན་ནས་དཔའ་ལུང་རྫོང་གིས་དབུལ་ཕོངས་ས་ཁུལ་གྱི་རོང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་སྒོ་དེ2012ལོར་སྒོར1666ནས2013ལོར་སྒོར1909ལ་ཇེ་མཐོར་བཏང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག