མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2013ལོར་མཚོ་ལྷོ་ཁུལ་གྱི་གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར7ལ་སླེབས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-17 10:30

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྲི་ཀ5Aརིམ་པའི་རྒྱལ་ཁབ་གནས་སྐོར་སྤྲོ་གསེང་ཁུལ་འཛུགས་པ་དེ་གཙོ་བོར་བཟུང་སྟེ། ཁུལ་ཡོངས་ཀྱི་གནས་སྐོར་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཇེ་མགྱོགས་སུ་བཏང་ནས། 2013ལོར་ཁུལ་ཡོངས་ཀྱིས་ཞིང་ཆེན་ཕྱི་ནང་གི་གནས་སྐོར་པ་མི་ཐེངས་ཁྲི278སྣེ་ལེན་བྱས་པ་དང་། གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར7མངོན་འགྱུར་བྱས།

མཚོ་ལྷོ་ཁུལ་གྱིས་ཕུན་སུམ་ཚོགས་པའི་གནས་སྐོར་ཐོན་ཁུངས་ལ་བརྟེན་ནས། ཤུགས་ཆེན་པོས་ཁྲི་ཀའི་མཐོ་སྒང་ཁམས་གསོ་སྤྲོ་གསེང་ཁུལ་དང་ཐང་བོད་གནའ་ལམ་གནས་སྐོར་ལམ་ཐིག རྨ་ཆུའི་འགག་འཕྲང་གནས་སྐོར་ལམ་ཐིག་བཅས་འཛུགས་པ་གཙོ་བོ་ཡིན་པའི་རིག་གནས་གནས་སྐོར་བཙུགས་ནས། ཧུར་བརྩོན་གྱིས་རིག་གནས་སློབ་གསོ་དང་གནས་སྐོར་ལྗོངས་རྒྱུ། སྤྲོ་འཆམ་རོལ་རྩེད་བཅས་གཅིག་ཏུ་འདུས་པའི་ས་ཁོངས་རང་བཞིན་གྱི་ཕྱོགས་བསྡུས་གནས་སྐོར་ས་ཁུལ་གསར་འཛུགས་བྱས། 2013ལོར་མ་དངུལ་སྒོར་དུང་ཕྱུར34.6བཏང་ནས་གནས་སྐོར་ལས་གཞི55གསར་འཛུགས་དང་མཐུད་སྐྲུན་བྱས། ས་གཤིས་སྤྱི་གླིང་དངོས་མང་བཤམ་སྟོན་ཁང་དང་ཁྲི་ཀའི་རྨ་ཆུའི་ལྷོ་རྒྱུད་ཀྱི་གནས་སྐོར་མཛེས་ལྗོངས་ཁུལ། བདེ་སྐྱིད་ཐང་གི་མི་རིགས་མདའ་འཕེན་ར་བ་སོགས་ལས་གཞི23བདེ་བླག་ངང་ལེགས་འགྲུབ་བྱས་ལ། ཚ་རྔ་འགག་མཛེས་ལྗོངས་ཁུལ་དང་སུམ་པ་བོད་རིགས་དམངས་སྲོལ་སྡེ་བ། ཏུང་ཧི་སྤྱི་གླིང་སོགས་ཀྱི་ལས་གཞི་བདེ་བླང་ངང་ལག་བསྟར་བྱེད་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག