མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་ཟི་ལིང་ནས་ཚོགས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-17 10:21

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་ཉེ་ལམ་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་མའོ་ཞོ་པེན་གྱིས་ཕྱོགས་དྲུག་ཐད་ནས་ཟི་ལིང་གྲོང་ཁྱེར་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་ཐད་ལ་རེ་བ་འགའ་བཏོན།

མའོ་ཞོ་པེན་གྱིས་ནན་གྱིས་བསྟན་དོན། འགན་འཁྲི་དང་དུ་བླངས་ནས། མིག་དཔེའི་ནུས་པ་འདོན་པ་དང་། ནན་ཏན་སྒོས་སློབ་སྦྱོང་བྱས་ནས་རྒྱུ་སྤུས་ཇེ་བཟང་དུ་གཏོང་བ། སྒྲིག་ཁྲིམས་བརྩི་སྲུང་དང་མཐུན་སྦྱོར་བྱ་བ་དམ་འཛིན་བྱས་ནས། སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་ཐད་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས་ཟེར། ཁོས་བཤད་རྒྱུར། མི་རེ་རེས་ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལ་སློབ་སྦྱོང་དང་དེར་གོ་བ་ཟབ་མོ་བླངས་ནས། གསར་སྐྲུན་རང་བཞིན་གྱི་སྒོ་ནས་བྱ་བ་སྒྲུབ་དགོས་པ་དང་། རྒྱུན་ཆད་མེད་པར་འཆར་གཞི་འཐེན་ནས་བྱ་བ་ཇེ་བཟང་དུ་གཏོང་བ། ཡིག་ཆ་འགོད་པ་དང་། རིགས་བགར་ཏེ་མཛུབ་སྟོན་བྱེད་པ། དངོས་འབེབས་ཡར་སྐུལ་བྱེད་པ་བཅས་ཀྱི་ནུས་པ་དང་ཆུ་ཚད་ཇེ་མཐོར་བཏང་ནས། བྱ་བ་སྣ་ཚོགས་སྔར་ལས་ཞིབ་མོ་དང་སྔར་ལས་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་རེ་བ་གཟབ་ནན་སྒོས་བརྩི་སྲུང་བྱས་ནས། བྱ་བའི་སྒྲིག་ལམ་བརྩི་སྲུང་བྱེད་དགོས་པ་དང་། ཆེ་ཕྱོགས་ལ་འདང་རྒྱག་པ། རྩ་དོན་དང་སྒྲིག་ལམ་སྣ་ཚོགས་བརྩི་སྲུང་བྱས་ནས། ཐུན་མོང་གི་སྟོབས་ཤུགས་དང་ཚང་མའི་བློ་གྲོས་ལ་བརྟེན་ནས་མཉམ་དུ་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག