མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་བཟོ་དོན་ཡོངས་སྒྲོག་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་ཟི་ལིང་ནས་ཚོགས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-17 10:21

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་བཟོ་དོན་ཡོངས་སྒྲོག་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་ཚེས13ཉིན་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་ཀྲུང་གོ་བཟོ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་དྲུག་པ་དང་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བཅས་ཀྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱས་ཤིང་། བཟོ་དོན་ཡོངས་སྒྲོག་དམངས་གཙོ་དོ་དམ་བྱ་བར་སྤྱི་བསྡོམས་བྱས་པ་དང2014ལོའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི། མཚོ་སྔོན་ཞིང་ཆེན་བཟོ་དོན་ཡོངས་སྒྲོག་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་སུའུ་ཉིན་ཚོགས་འདུར་ཞུགས་ནས་གཏམ་བཤད།

2013ལོར་མཚོ་སྔོན་ཞིང་ཆེན་བཟོ་དོན་ཡོངས་སྒྲོག་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གིས་མུ་མཐུད་དུ་ཆབ་སྲིད་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་གཞི་རིམ་གྱི་དམངས་གཙོ་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། ལས་བཟོ་བའི་འཐུས་མིའི་ཚོགས་ཆེན་དེ་གཞི་རྩའི་རྣམ་པ་བྱས་ནས་དམངས་གཙོ་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་དམངས་གཙོ་རྣམ་པ་ཕུན་སུམ་ཚོགས་པར་གཏོང་བ། དམངས་གཙོ་ཐབས་ལམ་རྒྱ་བསྐྱེད་པ། ལས་བཟོ་བ་དོ་དམ་དང་ལྟ་རྟོག་ཁྲོད་ཞུགས་པའི་དམངས་གཙོའི་དབང་ཆར་འགན་སྲུང་བྱེད་པ་སོགས་ཀྱི་ཕྱོགས་སུ་ཉམས་དགའ་བའི་གྲུབ་འབྲས་བླངས་པ་དང་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱས།

ཚོགས་ཐོག་ནས་བསྟན་དོན། རིམ་པ་སོ་སོའི་བཟོ་དོན་ཡོངས་སྒྲོག་མཐུན་སྦྱོར་ལས་ཁུངས་ཀྱིས་སྐུལ་འདེད་སྲ་བརྟན་དུ་གཏོང་བ་དང་ཚད་གཞི་ཇེ་མཐོར་གཏོང་བ། རིགས་བགར་ནས་མཛུབ་སྟོན་བྱེད་པ། རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་སྤྱིའི་རེ་བ་ལྟར། ལམ་ལུགས་ཀྱི་གོ་རིམ་ཚད་ལྡན་དུ་གཏོང་བ་དང་བྱ་བ་སྣ་ཚོགས་འཐུས་ཚང་དུ་གཏོང་དགོས་ལ། དམིགས་འབེན་དང་ལས་འགན་གསལ་བོར་བྱེད་པ་དང་རིགས་བགར་ནས་མཛུབ་སྟོན་བྱེད་པར་ཤུགས་སྣོན་དགོས། ལས་བཟོ་བའི་བྱང་ཚད་བཟོ་སྐྲུན་ལག་བསྟར་བྱེད་པ་དང་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ལས་བཟོ་བའི་འཐུས་མིའི་གསོ་སྦྱོང་བྱ་བ་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་གཏོང་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ནས་མཉམ་འདུས་ཀྱི་སྟོབས་ཤུགས་ཆགས་པར་སྐུལ་འདེད་གཏོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག