མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རུ་སྤོར་འབྲོག་དམངས་གཏན་སྡོད་བཟོ་འགོད་ཀྱིས་འབྲོག་ཁྱིམ་ཁྲི་ལྷག་ལ་ཕན་ཁེ་བསྐྲུན་ནས་མཚོ་ལྷོ་ཁུལ་གྱི་འབྲོག་ཁྱིམ་ཁྲི2ལྷག་སྡོད་ཁང་གསར་བར་གནས་སྤར་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-17 10:21

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རུ་སྤོར་འབྲོག་དམངས་གཏན་སྡོད་བཟོ་འགོད་དེ2009ལོར་ལག་བསྟར་བྱས་པའི་ཚུན། མིག་སྔའི་བར་དུ་འབྲོག་ཁྱིམ20065གནས་སྤོར་ལེགས་འགྲུབ་བྱས་པ་དང་། དེའི་ནང2013ལོར་མ་དངུལ་སྒོར་དུང་ཕྱུར1.5བཏང་ནས་འབྲོག་ཁྱིམ2604གནས་སྤོར་བྱས།

ཉེ་བའི་ལོ་འགའི་རིང་། མཚོ་ལྷོ་ཁུལ་གྱིས་རུ་སྤོར་འབྲོག་དམངས་གཏན་སྡོད་བཟོ་འགོད་དེ་འབྲོག་ཁྱིམ་མང་པོར་ཕན་ཁེ་བསྐྲུན་པའི“དམངས་སེམས་བཟོ་འགོད”དང་། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི“འགན་སྲུང་བཟོ་འགོད”། ཡུན་རིང་བདེ་སྲུང་ལ་སྐུལ་འདེད་བྱེད་པའི“བརྟན་བརླིང་བཟོ་འགོད”། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པའི“སྤོ་བསྒྱུར་བཟོ་འགོད”། སྲིད་འཛིན་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པའི“ངེས་གཏན་བཟོ་འགོད”། འབྲོག་པ་མང་ཚོགས་ལ་སྣེ་ཁྲིད་དེ་འཚོ་བ་གསར་བར་རོལ་བའི“བདེ་སྐྱིད་བཟོ་འགོད”བཅས་སུ་བརྩིས་ནས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་མགོ་ཁྲིད་ཀྱི་འགན་འཁྲི་ལམ་ལུགས་ལག་བསྟར་བྱས་ཏེ། རིམ་པ་བཞིན་འགན་དཀྲིས་བྱེད་པ་དང་རིམ་པ་བཞིན་སྐུལ་འདེད་གཏོང་བ། རིམ་པ་སོ་སོར་འགན་འཁྲི་བྱེད་པ། རིམ་པ་སོ་སོས་དངོས་འབེབས་གཙིགས་སུ་འཛིན་པའི་བྱ་བའི་ལམ་ལུགས་ཆགས་སུ་བཅུག

རུ་སྤོར་འབྲོག་དམངས་གཏན་སྡོད་བཟོ་འགོད་འཛུགས་སྐྲུན་ཁྲོད། དབུལ་ཕོངས་ཁྱིམ་ཚང་དང་ཁང་རྙིང་ཁྱིམ་ཚང་། དཀའ་ངལ་མང་ཚོགས་བཅས་ཀྱི་དཀའ་ངལ་ཐག་གཅོད་པ་དེ་གཙིགས་སུ་བཟུང་སྟེ། ཁུལ་དང་རྫོང་སྲིད་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་ཁ་གསབ་བྱས་ནས་ཕན་ནུས་ལྡན་པའི་སྒོ་ནས་དཀའ་ངལ་མང་ཚོགས་ཁྱིམ་ཚང560ཡི་མ་དངུལ་ཧྲག་བསྡུ་བྱེད་པའི་གནད་དོན་ཐག་གཅོད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག