མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས«ཞིང་སྡེའི་འོས་འགན་སློབ་གསོའི་འཆར་གཞི»བཀོད་པ་དང་འཆར་གཞི་ལྟར་ན་སློབ་གྲྭ་ཇེ་ཉུང་དང་སློབ་ཁྲིད་བྱེད་ས་ཇེ་མང་དུ་འགྲོ་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 10:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཚེས13ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།མཚོ་སྔོན་ཞིང་ཆེན་གྱི«ཞིང་སྡེའི་འོས་འགན་སློབ་གསོའི་སློབ་གྲྭའི་གྲུབ་སྟབས་ཀྱི་ཆེད་སྤྱོད་འཆར་གཞི»དེ་ཉེ་སྔོན་དངོས་སུ་བཀོད།

འཆར་གཞི་དེའི་ནང་བཀོད་པའི་མ་འོངས་པའི་མི་གྲངས་དང་སློབ་ཞུགས་སློབ་མའི་སྔོན་རྩིས་ལྟར་ན།ཉིས་སྟོང་བཅོ་ལྔ་ལོར་ཐོན་སྐབས།ཞིང་ཆེན་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་ཞུགས་སློབ་མའི་སྤྱིའི་གྲངས་ཀ་འབུམ་བདུན་དང་ཁྲི་གསུམ་དུ་བསླེབ་རྒྱུ་ཡིན་ལ། དེའི་ནང་འོས་འགན་སློབ་གསོའི་དུས་རིམ་གྱི་མཁར་གྲོང་གི་སློབ་ཞུགས་སློབ་མ་འབུམ་གསུམ་དང་ཁྲི་ལྔ་དང་།ཞིང་སྡེའི་སློབ་ཞུགས་སློབ་མའི་སྤྱིའི་གྲངས་ཀ་འབུམ་གསུམ་དང་ཁྲི་བརྒྱད་དུ་བསླེབ་རྒྱུ་རེད། སྐབས་དེར་སློབ་གྲྭ་འབྲིང་ཆུང་གི་གྲངས་ཀ་སྟོང་གཉིས་དང་བརྒྱ་ལྷག་ཏུ་བསླེབ་རྒྱུ་ཡིན་པ་དང་།སློབ་གྲྭ་བརྒྱ་དང་གྱ་དྲུག་ཁུ་བསྡུ་བྱེད་རྩིས་ཡོད་ལ།དེའི་ནང་དུ་སློབ་ཆུང་བརྒྱ་དང་བདུན་ཅུ་དང་། སློབ་འབྲིང་བཅུ་དྲུག་ཡོད།གོང་གི་སློབ་གྲྭ་དེ་དག་ཁུ་བསྡུ་བྱེད་ཞོར་དུ་ད་རུང་རོང་འབྲོག་ཕྱོགས་ཀྱི་སློབ་གྲྭ་འབྲིང་ཆུང་དང་ནང་སྒོས་སུ་ལོ་རིམ་གསུམ་པའི་མན་ཆད་ཀྱི་སློབ་མ་སློབ་གྲྭར་བསྐྱོད་སྐབས་ལམ་ཐག་རིང་བ་དང་། སློབ་གྲྭ་ནས་ཞག་སྡོད་བྱས་ན་མི་འཚམ་པའི་གནད་དོན་ཐག་གཅོད་ཆེད།སློབ་ཁྲིད་བྱེད་ས་དེ་ཉིས་སྟོང་བཅུ་གཉིས་ལོའི་བཞི་བརྒྱ་དང་ང་ལྔ་ནས་ཉིས་སྟོང་བཅོ་ལྔ་ལོར་བདུན་བརྒྱ་དང་ང་བཞིར་ཇེ་མང་དུ་གཏོང་རྒྱུ་རེད།

སློབ་གྲྭའི་གྲུབ་སྟངས་སྙོམས་སྒྲིག་བྱས་རྗེས་སུ་སློབ་མ་ཐག་ཉེ་ནས་སློབ་གྲྭར་བསྐྱོད་པའི་དགོས་མཁོར་འགན་སྲུང་བྱེད་ཆེད།ཞིང་སྡེའི་སློབ་ཆུང་གི་ལོ་རིམ་དང་པོ་ནས་ལོ་རིམ་གསུམ་པའི་སློབ་མ་རྩ་དོན་སྟེང་ནས་བཤད་ན་བཅའ་སྡོད་བྱེད་མི་རུང་བར་ཐག་ཉེ་ས་ནས་སློབ་གྲྭར་བསྐྱོད་དགོས་པ་དང་། མཐའ་འཁོབ་ས་ཁུལ་དང་ཡང་ན་འགྲིམ་འགྲུལ་སྟབས་མི་བདེ་ཞིང་གནས་ཚུལ་རྙོག་འཛིང་ཡིན་པའི་ས་གནས་ནས་སློབ་ཆུང་གཅིག་དང་ཡང་ན་སློབ་ཁྲིད་བྱེད་ས་གཅིག་འཛུགས་དགོས། སློབ་ཆུང་གི་ལོ་རིམ་མཐོན་པོའི་སློབ་མ་བཅའ་སྡོད་མི་བྱེད་པ་གཙོ་བོར་འཛིན་དགོས་པ་དང་དགོས་མཁོ་ཆེ་ན་ད་གཟོད་བཅའ་སྡོད་བྱེད་ཆོགདམའ་འབྲིང་གི་སློབ་མ་དོན་དངོས་ལྟར་བཅའ་སྡོད་མ་བྱས་ཀྱང་ཆོག་ལ་བྱས་ཀྱང་ཆོག འབྲོག་ཕྱོགས་ཀྱི་སློབ་གྲྭ་འབྲིང་ཆུང་གིས་མང་ཚོགས་ཀྱི་འདོད་བློ་ལྟར་བཅའ་སྡོད་དང་བཅའ་སྡོད་མིན་པའི་སློབ་སྒྲུབ་བྱེད་ཐབས་གང་རུང་སྤྱད་ཆོག་ལ།མི་གྲངས་ལྟོས་བཅས་ཀྱིས་མང་སའི་སྡེ་དམངས་འབྲོག་དམངས་ཨུ་ཡོན་ལྷན་ཁང་དང་གཏན་སྡོད་བྱེད་ས་ནས་སློབ་ཆུང་དང་ཡང་ན་སློབ་ཁྲིད་བྱེད་ས་འཛུགས་དགོས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག