མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཁང་གིས་ས་ཆ་མང་པོའི་བགྲོད་ལམ་དུ་དར་ཆགས་པའི་ཉེན་བརྡ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 10:28

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།མཚོ་སྔོན་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཁང་གིས་ཟླ2པའི་ཚེས16ཉིན་གྱི་སྔ་དྲོའི་དུས་ཚོད9ཡི་སྟེང་བསྒྲགས་པའི་གནམ་གཤིས་ཉེན་བརྡ་ལྟར་ན། མ་ལོངས་བའི་དུས་ཚོད་ཉེར་བཞིའི་རིང་ལ་མཚོ་ནུབ་ཀྱི་ནུབ་ཕྱོགས་དང་ཟི་ལིང་།མཚོ་ཤར།མཚོ་བྱང་།མཚོ་ལྷོ།རྨ་ལྷོ།ཡུལ་ཤུལ།མགོ་ལོག་བཅས་ས་ཁུལ་གྱི་གཞུང་ལམ་སྟེང་དར་ཆགས་རྒྱུ་ཡིན་པས། འབྲེལ་ཡོད་ལས་ཁུངས་དང་མི་སྣས་མཉམ་འཇོག་བྱེད་དགོས། 

གཅིག་ནས་འགྲིམ་འགྲུལ་དང་སྤྱི་བདེ་སྡེ་ཁག་གིས་རང་གི་འགན་འཁྲི་ལྟར་གཞུང་ལམ་སྟེང་དར་ཆགས་པའི་འཕྲལ་བསྟུན་གྲ་སྒྲིག་བྱ་བ་ལེགས་པོར་བསྒྲུབ་དགོས།གཉིས་ནས་རླངས་འཁོར་ཁ་ལོ་བས་བགྲོད་ལམ་གྱི་གནས་ཚུལ་ལ་བལྟས་ནས་སེམས་ཆུང་བྱ་དགོས། གསུམ་ནས་ལམ་འགྲོ་བ་རྣམས་ཀྱིས་རང་ཉིད་དར་ཐོག་ནས་འགྱེལ་ཏེ་ཐང་ལ་རྒྱག་པར་སེམས་ཆུང་བྱ་དགོས།བཞི་ནས་ཞིང་ལས་ལོ་ཏོག་དང་ཕྱུགས་ཟོག་ལ་འཁྱགས་ཕྱིད་ཐེབས་པར་སྔོན་འགོག་བྱ་དགོས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག