མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་རོགས་སྐྱོར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 10:28

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་རྒྱུ་དེ་རང་གི་ལས་འགན་ཞིག་ཏུ་བརྩིས་ནས་གཙིགས་འཛིན་བྱས། 2013ལོའི་ལོ་མཇུག་བར་དུ།དངུལ་བུན་བསྡོམས་པས་སྒོར་ཐེར་ཆེན5དང་ཐེར་འབུམ1དུང་ཕྱུར1བྱེ་བ7བཏང་སྟེ།ལོ་སྔོན་མ་ལས་སྒོར་ཐེར་འབུམ3དང་དུང་ཕྱུར3ལྷག་ཇེ་མང་དུ་བཏང་།

འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ནུས་ཁུངས་དང་ཐོན་ཁུངས་རང་བཞིན་གྱི་ལས་རིགས།འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་བཅས་དངོས་ཕུང་དཔལ་འབྱོར་ལ་རོགས་སྐྱོར་བྱེད་པའི་ཤུགས་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ཞིང་།ཞིང་ལས་ལ་རོགས་སྐྱོར་བྱེད་པའི་དངུལ་བུན་སོགས་ཁྱད་ཆོས་ལྡན་པའི་ཁེ་ལས་ཆུང་བའི་དངུལ་བུན་དང་མི་སྒེར་གྱི་དངུལ་བུན་གསར་བསྐྲུན་དང་ཁྱབ་གདལ་དུ་བཏང་སྟེ། 2013ལོར་དངུལ་བུན་སྣ་ཚོགས་སྒོར་ཐེར་ཆེན་ལྔ་ལས་བརྒལ་བ་དང་།དེའི་ནང་ཁེ་ལས་ཆུང་བའི་དངུལ་བུན་སྒོར་དུར་ཕྱུར3དང་བྱེ་བ1ས་ཡ3ལ་ཇེ་མང་དུ་སོང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག