མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིང་ལས་འཕེལ་རྒྱས་དངུལ་ཁང་ཧུའུ་ཀྲུའུ་རྫོང་ཡན་ལག་དངུལ་ཁང་གིས་མ་དངུལ་སྒོར་དུང་ཕྱུར7.53བཏང་སྟེ་ཞིང་ལས་ཐོན་སྐྱེད་ལ་རོགས་སྐྱོར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 10:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཞིང་ལས་འཕེལ་རྒྱས་དངུལ་ཁང་ཧུའུ་ཀྲུའུ་རྫོང་ཡན་ལག་དངུལ་ཁང་གིས་ཧོར་རིགས་རང་སྐྱོང་རྫོང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་རྐང་བཙུགས་ཏེ། ཉེན་ཁ་སྔོན་འགོག་བྱེད་རྒྱུ་གཙོ་བོར་བཟུང་ནས།ཡིད་རྟོན་དངུལ་བུན་གྱི་ཞིང་ལས་རོགས་སྐྱོར་བྱེད་ཐབས་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ།དབུལ་བུན་གྱིས་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། 

ཉེ་བའི་ལོ་ལྔའི་རིང་ལ།སྔ་གཞུག་ཏུ་དངུལ་བུན་སྣ་ཚོགས་སྒོར་དུང་ཕྱུར7.53བཏང་སྟེ། འབྲུ་སྣུམ་བསྡུ་གསོག་དང་། ཞིང་སྡེའི་ས་ཞིང་དག་ཐེར་ལེགས་སྒྲིག ཞིང་ལས་རྒྱུ་ཆ་དང་ལོག་དཀར་ལས་སྣོན་སོགས་ཞིང་ལས་ཐོན་ལས་ལས་གཞིར་ཧུར་ཐག་སྒོས་རོགས་སྐྱོར་བྱས་ནས།ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཡོད་སྒོས་སྐུལ་འདེད་བཏང་བས། ཧུའུ་ཀྲུའུ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་བསྟུད་མར་ལོ5ཡི་རིང་ལ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་སྔོན་ཐོན་ལས་ཁུངས་སུ་བདམས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག