མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཡོངས་ཀྱི་སྐོར་དང་པོར་གསར་འཛུགས་བྱེད་པའི་ནུས་ཁུངས་གསར་བའི་དཔེ་སྟོན་གྲོང་ཁྱེར་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་ཁུལ་དང་ན་གོར་མོ་གྲོང་ཁྱེར་གཉིས་དེའི་ནང་དུ་ཚུད་ཡོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 10:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།གསར་འགོད་པས་ཟླ2པའི་ཚེས13ཉིན་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་སྐོར་དང་པོར་གསར་འཛུགས་བྱེད་པའི་ནུས་ཁུངས་གསར་བའི་དཔེ་སྟོན་གྲོང་ཁྱེར་གྱི་མིང་ཐོའི་ནང་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ན་གོར་མོ་གྲོང་ཁྱེར་གཉིས་གསར་འཛུགས་བྱེད་པའི་ནུས་ཁུངས་གསར་བའི་དཔེ་སྟོན་གྲོང་ཁྱེར་གྱི་གྲས་སུ་ཚུད་ཡོད།

ནུས་ཁུངས་གསར་བའི་དཔེ་སྟོན་གྲོང་ཁྱེར་གྱིས་གྲོང་ཁྱེར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་རྒྱུ་དམིགས་འབེན་དུ་བརྩི་བ་དང་།རྣམ་པ་གསར་བའི་གྲོང་བརྡལ་ཅན་འཛུགས་སྐྲུན་བྱེད་པ་དང་ཟུང་འབྲེལ་བྱས་ནས། གྲོང་བརྡལ་གསར་བ་དང་ནུས་ཁུངས་གསར་བ།འཚོ་བ་གསར་བ་འཕེལ་རྒྱས་སུ་གཏོང་བའི་འདུ་ཤེས་ལ་བརྩི་འཇོག་བྱས་ཏེ།ཡང་བསྐྱར་ཐོན་སྐྱེད་བྱེད་ཆོག་པའི་ནུས་ཁུངས་ཐོག་མར་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་གཏན་འཁེལ་བྱས་ནས། གྲོང་ཁྱེར་གྱི་ཡང་བསྐྱར་ཐོན་སྐྱེད་བྱེད་ཆོག་པའི་ནུས་ཁུངས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་རྒྱུ་དེ་རེད།

མཚོ་ལྷོ་ཁུལ་གྱིས་གུང་ཧོ་དང་ཀོས་ནན་རྫོང་གཉིས་ཀྱི་ཉི་འོད་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱེད་རྒྱུ་གཙོ་བོར་བཟུང་སྟེ། ཚ་རྔ་འགག་ཆུ་གློག་ས་ཚིགས་ཀྱིས་ཆུ་གློག་འདོན་པ། ཉི་འོད་ནུས་པའི་བཟོ་སྐྲུན་གྱི་དྲོད་ལེན་སོགས་ལས་གཞི་ལག་བསྟར་བྱེད་རྒྱུ་རེད།ན་གོར་མོ་གྲོང་ཁྱེར་གྱིས་ཕུན་སུམ་ཚོགས་པའི་ཉི་འོད་ནུས་པའི་ཐོན་ཁུངས་དང་བྱེ་ཐང་གི་ཉི་འོད་གློག་འདོན་ས་ཚིགས་གཞི་ཁྱོན་ཅན་དུ་བསྒྱུར་བར་བརྟེན་ནས།ན་ལིན་ཀི་ལི་ཆུ་བོ་དང་ན་གོར་མོ་ཆུ་བོའི་ཆུ་གློག་ཐོན་ཁུངས་གསར་སྤེལ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག