མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་ཆེ་བར་ཁངས་འབབ་ཚད་མངོན་གསལ་གྱིས་ཇེ་ཆེར་འགྲོ་རྒྱུ་ཡིན་པ་དང་དྲོད་ཚད་ཇེ་དམའ་རུ་འགྲོ་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 10:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། སྤྱི་ཟླ2པའི་ཟླ་དཀྱིལ་ནས་བཟུང་མཚོ་སྔོན་ཞིང་ཆེན་དུ་མཁའ་དབུགས་ཇེ་འཁྱགས་ལ་འགྲོ་ཚད་མགྱོགས་ཤིང་། ཇེ་འཁྱགས་ལ་འགྲོ་བའི་ཤུགས་ཇེ་ཆེར་འགྲོ་རྒྱུ་ཡིན་པས། མཚོ་སྔོན་གྱི་ས་ཁུལ་མང་ཆེ་བར་ཁངས་འབབ་ཚད་དེ་ན་ནིང་ལས་མངོན་གསལ་སྒོས་ཇེ་མང་དུ་འགྲོ་ངེས་ལ། དྲོད་ཚད་ལྟོས་བཅས་ཀྱིས་ཇེ་དམའ་རུ་འགྲོ་རྒྱུ་རེད།   སྔོན་དཔག་བྱས་པ་ལྟར་ན།སྤྱི་ཟླ2པའི་ཚེས16ནས་ཚེས18བར་དུ་མཚོ་སྔོན་གྱི་ས་ཁུལ་མང་ཆེ་བར་ཁངས་འབབ་ཚད་ཇེ་དྲག་ཏུ་འགྲོ་ངེས་པ་དང་བསྟུན་ནས་དྲོད་ཚད་བསྟུད་མར་ཇེ་དམའ་རུ་འགྲོ་ངེས་རེད་ཟེར།

ཉེ་ལམ་གསར་དུ་བསྒྲགས་པའི་གནམ་གཤིས་རྒྱུ་ཆ་ལྟར་ན། བྱང་ཕྱོགས་ཀྱི་འཁྱགས་རླུང་ཆེན་མོ་དང་མཐོ་སྒང་གི་ས་བབ་མཐོ་བའི་ཤུགས་རྐྱེན་ཐེབས་ངེས་པའི་དབང་གིས། མ་འོངས་བའི་ཉིན་གསུམ་གྱི་རིང་དུ་མཚོ་ནུབ་ཀྱི་ནུབ་རྒྱུད་ལ་སྤྲིན་ཇེ་མང་ལ་འགྲོ་བ་དང་དེ་ལས་གཞན་གྱི་ས་ཁུལ་ལ་ཁངས་ཆུང་ཆུང་འབབ་རྒྱུ་རེད། དེའི་ནང་ཡུལ་ཤུལ་དང་མགོ་ལོག རྨ་ལྷོའི་ལྷོ་ཕྱོགས། ཟི་ལིང་། མཚོ་ཤར། མཚོ་བྱང་བཅས་ཀྱི་ས་ཁུལ་ཁ་ཤས་ལ་ཁངས་འབྲིང་ཙམ་འབབ་ངེས་ལ། འབྲི་སྟོད་དང་རྫ་སྟོད། ཡུལ་ཤུལ། རྨ་ཆེན། དགའ་བདེ། དར་ལག གཅིག་སྒྲིལ། ཧི་ནན།རྩེ་ཁོག་བཅས་ཀྱི་ས་ཁུལ་མང་ཆེ་བར་ཁངས་ཆེན་འབབ་རྒྱུ་རེད།ཁངས་འབབ་པའི་སྐབས་སུ།མཚོ་སྔོན་གྱི་བྱང་ཕྱོགས་ས་ཁུལ་གྱི་ས་ཆ་མང་ཆེ་བའི་ཆེས་མཐོའི་དྲོད་ཚད་དྲོད་གྲངས་གསུམ་ནས་བཞི་ཡིས་ཇེ་དམའ་རུ་འགྲོ་རྒྱུ་རེད།ལྷོ་རྒྱུད་ས་ཁུལ་གྱི་ཆེས་མཐོའི་དྲོད་གྲངས་ལྔ་ནས་དྲུག་གིས་ཇེ་དམའ་རུ་འགྲོ་རྒྱུ་རེད།

གནམ་གཤིས་ཆེད་མཁས་པས་གསལ་འདེབས་བྱེད་རྒྱུར།ཁངས་བབས་པ་དང་ནམ་ཟླ་ཇེ་འཁྱགས་ལ་སོང་བ་དེས་བགྲོད་ལམ་ཁ་བ་དང་དར་གྱིས་གཡོགས་ནས་འགྲིམ་འགྲུལ་བདེ་འཇགས་དང་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་སྐྱེད་སོགས་ལ་ཤུགས་རྐྱེན་ངན་པ་ཐེབས་ངེས་ཡིན་པས། འབྲེལ་ཡོད་སྡེ་ཁག་གིས་བྱེད་ཐབས་སྣ་མང་སྤྱད་ནས་འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་སྣོན་དང་རྨོ་འདེབས་བྱ་བར་སྲུང་སྐྱོབ་དང་སྒོ་ཕྱུགས་ཀྱིས་དགུན་བསྐྱལ་བར་སྔོན་འགོག་སོགས་ཀྱི་བྱ་བ་གང་ལེགས་སྒོས་བསྒྲུབ་དགོས་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག