མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་གྱིས་མཁར་གྲོང་གི་སྡོད་དམངས་འབུམ4ལྷག་ལ་ཚད་ལྡན་ཅན་གྱི་བདེ་ཐང་ཡིག་ཚགས་བཟོས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཉིས་སྟོང་བཅུ་གསུམ་ལོ་ནས་བཟུང་སྨན་བཅོས་བཅོས་སྒྱུར་ཕྱོགས་ཡོངས་དང་གཏིང་ཟབ་ངང་སྤེལ་མགོ་བརྩམས་ཤིང་། ཧུར་བརྩོན་ཆེན་པོས་གཅིག་གྱུར་གྱི་སྨན་བཅོས་འགན་སྲུང་ལམ་ལུགས་ལག་བསྟར་དང་རྩ་བའི་སྨན་བཅོས་སྒོ་ཀུན་ནས་ཁེབས་ཚད་མངོན་དུ་འགྱུར་བར་འབད་འབུངས་སོགས་ཀྱི་དམངས་ཕན་བྱེད་ཐབས་སྣ་མང་སྤྱད་མཐར། ཁྱོན་བསྡོམས་མཁར་གྲོང་གི་སྡོད་དམངས་འབུམ4.2ལྷག་ལ་ཚད་ལྡན་ཅན་གྱི་བདེ་ཐང་ཡིག་ཚགས་གསར་བཟོ་བྱས་པས།ཕན་འབྲས་ལྡན་པའི་སྒོ་ནས་རྒྱ་ཆེའི་མང་ཚོགས་ཀྱིས་སྨན་པར་སྟོན་དཀའ་བ་དང་སྨན་རིན་སྤྲོད་དཀའ་བའི་འགན་ཁུར་ཇེ་ཡང་ལ་བཏང་།

ལོ་ངོ་གཅིག་གི་ཡུན་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གལ་ཆེ་བའི་ཞིང་སྡེ་གསར་བའི་མཉམ་ལས་ཁང་དང་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གཉིས་ཡོངས་འགྲུབ་བྱས་པ་མ་ཟད། ད་དུང་སྨན་བཅོས་འགན་སྲུང་གི་གཅིག་གྱུར་མ་དངུལ་སྒོར་བཞི་བརྒྱ་བདུན་ཅུ་ཡིས་ཇེ་མཐོར་འཕེལ་བ་དེས།རྒྱ་ཆེའི་རོང་འབྲོག་མང་ཚོགས་དང་མཁར་གྲོང་གི་སྡོད་དམངས་ལ་མ་མཐའི་སྨན་བཅོས་འགན་སྲུང་དང་ནད་ལྕི་མོའི་རིགས་ཀྱི་སྨན་བཅོས་འགན་སྲུང་། སྨན་བཅོས་རོགས་དངུལ་བཅས་འཚོ་བའི་འགན་ལེན་སྣ་གསུམ་ཡོད་པར་བྱས་འདུགདེ་མིན་ད་དུང་ཁུལ་དང་རྫོང་།ཞང་དང་གྲོང་བརྡལ།སྡེ་བ་བཅས་ཀྱི་རིམ་པ་སོ་སོའི་སྨན་བཅོས་སྡེ་ཁག་གིས་རྒྱལ་ཁབ་ཀྱིས་གཏན་འབེབས་བཟོས་པའི་སྨན་བཅོས་དང་རྩྭ་སྨན་གྱི་རིན་གོང་གསར་བ་ལག་ལེན་དོན་འཁྱོལ་བྱེད་ཀྱིན་པ་ལས་གཞན། ད་དུང་བུད་མེད་དང་བྱིས་པར་ཕན་པའི་རྒྱ་སྨན་དང་བོད་སྨན་གྱི་སྣ་ཁ་ཇེ་མང་དུ་བཏང་ནས། འཐུང་ཆོག་པའི་སྨན་རིགས720ལ་འཕར་སྣོན་བྱུང་ཡོད་པས། མང་ཚོགས་ཀྱི་སྨན་བསྟེན་དཀའ་བའི་ཚེགས་ཇེ་ཆུང་ལ་བཏང་ཡོད།

དེ་དང་མཉམ་དུ།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མ་མཐའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་དང་རིམས་ནད་སྔོན་འགོག་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་པས།ཁུལ་ཡོངས་ཀྱི་ས་ཆ་སོ་སོ་ནས་བྱིས་པའི་འགོས་ནད་དང་ཁྲག་ཤེད་མཐོ་བའི་ནད། གཅིན་སྙི་ཟ་ཁུའི་ནད།བུ་སྣོད་རུལ་བའི་ནད།བློ་གཅོང་གི་ནད།སེམས་ནད་བཅས་ལ་བརྟག་དཔྱད་བྱས་པ་མ་ཟད།དེའི་རིགས་ལ་ཞབས་ཞུ་བྱེད་ཚད་ཇེ་དྲག་ཏུ་བཏང་མཐར།བྱེད་སྒོ་དེས་མང་ཚོགས་འབུམ་གཅིག་དང་ཁྲི་ལྔ་ལ་ཕན་བདེ་བསྐྲུན་ཐུབ་པ་བྱུང་། ཁྱད་པར་དུ་ལོ་ན་དྲུག་ཅུའི་ཡན་དུ་བསླེབས་པའི་རྒན་པར་རིན་མ་བླངས་པར་ལུས་ཕུང་བརྟག་དཔྱད་བྱེད་ཀྱིན་ཡོད་པས།སྨན་བཅོས་བཅོས་སྒྱུར་གཏིང་ཟབ་སྒོས་སྤེལ་བ་དེས་དམངས་ལ་ཕན་བདེ་མི་དམན་པ་བསྐྲུན་བཞིན་ཡོད།    །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག