མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་མཚོ་སྔོན་གྱི་ཚན་རྩལ་བྱ་བར་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 10:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཚེས14ཉིན་ཀྲུང་གོ་ཚན་རིག་གླིང་ཚྭ་མཚོ་ཞིབ་འཇུག་ཁང་དང་།ནུབ་རྒྱུད་གསར་སྤེལ་ལས་རིགས།མཚོ་སྔོན་སློབ་གྲྭ་ཆེན་མོ་སོགས་ཚན་རིག་ཞིབ་འཇུག་གླིང་དང་ཞིང་འཇུག་ཁང་དེ་མིན་ཚན་རིག་ལག་རྩལ་ཁེ་ལས་ཀྱི་འབྲེལ་ཡོད་འགན་ཁུར་བའི་བཞུགས་མོལ་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཐོན་ཁུངས་དང་།ཁོར་ཡུག་སོགས་ཀྱི་བར་ཆད་ཇེ་ཆེར་སོང་བ་དང་བསྟུན་ནས།གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བྱ་བ་དམ་འཛིན་བྱེད་པ་དེ་མཚོ་སྔོན་གྱི་གོ་རིམ་རྗེས་མའི་རྒྱུན་སྲིང་ངང་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་གལ་ཆེན་དུ་བརྩིས་ནས། ཧུར་ཐག་སྒོས་ཚན་རྩལ་གསར་སྐྲུན་གྱི་བྱ་བ་མངོན་འགྱུར་བྱེད་དགོས་པ་དང་།བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་རྒྱུ་ནི་ཚན་རྩལ་གསར་སྐྲུན་ནུས་པ་ཇེ་ཆེར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད་ཟེར།

ཁོང་ཡུང་གིས་བསྟན་དོན།ཚན་རྩལ་གསར་སྐྲུན་ནུས་པ་སྔར་ལས་ཇེ་ཆེར་གཏོང་བ་དེ།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་སྲིང་ངང་འཕེལ་རྒྱས་སུ་གཏོང་བ་དང་འབྲེལ་བ་ཡོད་ལ། དེའི་དགོས་གཏུག་རང་བཞིན་དེ་བཤད་མི་དགོས་པ་ཞིག་རེད།         རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་རྣམས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་ནི་དེང་སྐབས་ཀྱི་དོན་དག་གལ་ཆེན་ཞིག་ཡིན་པ་དང་།རིམ་པ་འཕར་བའི་བྱ་བ་དེ་ངེས་པར་དུ་ཚན་རྩལ་ལ་བརྟེན་དགོས་པ་དེ་ཤེས་དགོས།ད་ལོའི་ཚོགས་ཆེན་གཉིས་ཀྱི་སྟེང་དུ།ཞིང་ཆེན་སྲིད་གཞུང་གིས་དུས་རབས་དང་བསྟུན་ནས་གསར་སྐྲུན་གྱི་རྣམ་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་བཏོན་ནས།ཚན་རིག་ལག་རྩལ་གྱི་གཙོ་གཉེར་སྡེ་ཁག་གིས་ཐོག་མར་རིམ་པ་དང་པོའི་ཇུས་འགོད་བྱ་བར་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་གསར་སྐྲུན་རྣམ་པའི་འཐས་ཇུས་ལག་བསྟར་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་། ཚོང་རས་ཁ་ཕྱོགས་བསྟན་པ་དང་། བཀོལ་སྤྱོད་ཀྱིས་ཞིབ་འཇུག་བྱེད་པ་བརྗོད་བྱ་གཙོ་ཡིན་པའི་ཚན་རྩལ་གསར་སྐྲུན་སྒྲིག་སྲོལ་འཛུགས་དགོས་པའི་རེ་བ་བཏོན་ཡོད་ཟེར།

ཚོགས་འདུ་མ་ཚོགས་གོང་ལ། ཁོང་ཡུང་ད་རུང་མཚོ་སྔོན་ཞིང་ཆེན་མཐོ་གསར་ལག་རྩལ་ཐོན་ལས་གསར་གཏོད་ས་ཁུལ་དང་། ནན་ཁྲོན་བཟོ་ལས་ས་ཁུལ། མཚོ་ཤར་རྒྱལ་ཁབ་རིམ་པའི་ཞིང་ལས་ས་ཁུལ་བཅས་ཀྱི་འབྲེལ་ཡོད་ཁེ་ལས་དང་མཚོ་སྔོན་ཞིང་ཆེན་ཚན་རྩལ་གསར་སྐྲུན་ཞབས་འདེགས་ཚོགས་ཁང་གི་བྱ་བར་རྟོག་ཞིབ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག